དངོས་བྲིས་གློག་བརྙན༼སྣེ་གསུམ་པ༽ཞེས་པ་ལྷ་ས་རུ་ཕབ་བསྐྲུན་བྱེད་འགོ་ཚུགས།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-10-17

དངོས་བྲིས་གློག་བརྙན༼སྣེ་གསུམ་པ༽ཞེས་པ་ལྷ་ས་རུ་ཕབ་བསྐྲུན་བྱེད་འགོ་ཚུགས།
 མདོ་དབུས་མཐོ་སྒང་།
  ཉེ་ཆར།མདོ་དབུས་མཐོ་སྒང་གི་མི་ཆོས་སྐྱེ་ཁམས་བརྗོད་པའི་དངོས་བྲིས་གློག་བརྙན་ཆེ་ཤོས༼སྣེ་གསུམ་པ༽ཞེས་པ་དེ་བོད་ལྗོངས་ལྷ་ས་རུ་ཕབ་བསྐྲུན་བྱེད་བརྩམས་པ་རེད།༼སྣེ་གསུམ་པ༽ཞེས་པའི་ཁྲོད་རང་བྱུང་རྒྱབ་ལྗོངས་སུ་བྱས་ཐོག མི་ཆོས་བརྗོད་གཞི་རུ་བྱས་ནས་སྣེ་གསུམ་པ་སྟེ་མདོ་དབུས་མཐོ་སྒང་དུ་མངའ་བའི་མི་དམངས་ཀྱིས་རང་བྱུང་ཁམས་ལ་ཇི་ལྟར་འབྲེལ་བ་འཛིན་པ་དང་། མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་སྒོས་གནས་པའི་གསང་བ་སོགས་མངོན་པར་མཚོན་པ་ཡིན། 
༼སྣེ་གསུམ་པ༽ཞེས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་འགན་འཁུར་ནས་ཇུས་འགོད་བྱེད་བཞིན་ཡོད་ཅིང་། ཀྲུང་དབྱང་བརྙན་འཕྲིན་ཁང་དང་པེ་ཅིན་ཝུའུ་ཞིན་ངོ་མཚར་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཉམ་དུ་ཕབ་བསྐྲུན་བྱེད་པ་ཡིན། ༼སྣེ་གསུམ་པ༽ཞེས་པར་ཁྱོན་བསྡོམས་ལེའུ་ལྔ་ཡོད་ལ། ལེའུ་རེ་སྐར་མ50ཡིན་པ་དང་། འཆར་གཞི་ལྟར་ན2014ལོའི་སྟོན་ཁར་ཕབ་བསྐྲུན་བྱས་ཚར་རྒྱུ་རེད།

 
  • ལེ་ཚན་སྔོན་མ།:བོད་ལྗོངས་སློབ་ཆེན་གྱི་སློབ་མར་རྒྱལ་ཡོངས་ཀྱི་གློག་རྡུལ་འཆར་འགོད་འགྲན་བསྡུར་ཁྲོད་གྲུབ་འབྲས་བཟང་པོ་ཐོབ
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་ལས་བྱེད་སློབ་གསོའི་གསོ་སྦྱོང་གྲོས་ཚོགས་པེ་ཅིན་དུ་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།