མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-11-27
ཚེས25ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མགོ་འཛིན་མཛད་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། རྫོང་རིམ་པ་ཁ་ཤས་ཀྱི་དམངས་ཆེན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས22ཉིན་ནས་ཚེས25ཉིན་བར་ཡུན་ནན་ཞིང་ཆེན་གྱི་རྫོང་རིམ་པའི་དམངས་ཆེན་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་མགོ་འཛིན་མཛད་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། རྫོང་རིམ་པ་ཁ་ཤས་ཀྱི་དམངས་ཆེན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲང་ཏི་ཅང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་མཐོ་ཚད་ནས་སྤྱི་སྡོམ་དང་རྒྱུན་འཛིན། འཐུས་ཚང་། མཐོར་འདེགས་བཅས་ཀྱི་སྤྱིའི་རྩ་དོན་ལྟར། རྫོང་རིམ་པའི་དམངས་ཆེན་བྱ་བ་དང་དམངས་ཆེན་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྫོང་རིམ་པའི་དམངས་ཆེན་བྱ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།
ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། ཀྲང་ཏི་ཅང་གིས་མགོ་འཛིན་མཛད་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། རྫོང་རིམ་པ་ཁ་ཤས་ཀྱི་དམངས་ཆེན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་གསུངས་རྒྱུར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཏེ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་བབ་བསྟུན་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རིགས་གཞུང་དང་ལག་ལེན་གསར་སྐྲུན་ལ་སྐུལ་འདེད་བཏང་ནས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རྫོང་རིམ་པའི་དམངས་ཆེན་འཐུས་མི་ཐད་ཀར་དུ་འདེམ་བསྐོ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། ཁྲིམས་ལྟར་རྫོང་རིམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་བསྡུས་ནས་གྲོས་ཚོགས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་དགོས། ཁྲིམས་ལྟར་རྫོང་རིམ་པའི་དམངས་ཆེན་ལྟ་རྟོག་བྱ་བར་ཤུགས་སྣོན་པ་དང་ལས་དོན་གལ་ཆེན་གྱི་ལམ་ལུགས་ལ་གྲོས་བསྡུར་དང་འཐུས་ཚང་དུ་གཏོང་དགོས་ལ། ཁྲིམས་ལྟར་མི་དོན་བསྐོ་འཐེན་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10