ཡར་ཀླུང་གཙང་བོའི་གྲོག་རོང་ཆེན་མོའི་རིག་གནས་གནས་སྐོར་དུས་ཆེན་བསྡུ་ལ་ཉེ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-09-22

རྒྱུས་ལོན་བྱུང་བ་ལྟར་ན། ཡར་ཀླུང་གཙང་བོའི་གྲོག་རོང་ཆེན་མོའི་རིག་གནས་གནས་སྐོར་དུས་ཆེན་དེ་ཟླ10པའི་ཚེས18ཉིན་ཉིང་ཁྲི་ས་ཁུལ་གྱི་བརྒྱད་གཅིག་གྲོང་རྡལ་དུ་མགོ་རྩོམ་རྒྱུ་རེད། ཐེངས་འདིའི་རིག་གནས་གནས་སྐོར་དུས་ཆེན་སྟེང་ཀླུ་ནང་ལ་བསྐོར་བའི་རྒྱང་རྒྱུག་འགྲན་སྡུར་དང་། ཁྱད་ལྡན་ཐོན་རྫས་འགྲེམ་འཚོང་འདུ་ཚོགས་སོགས་རིག་གནས་གནས་སྐོར་གྱི་བྱ་འགུལ་ཆེན་པོ་སོགས་བསྡུ་རྒྱུ་རེད།

  ཉེ་བའི་ལོ་ནང་། ཡར་ཀླུང་གཙང་པོའི་རིག་གནས་གནས་སྐོར་དུས་ཆེན་དེ་ཉིང་ཁྲི་ས་ཁུལ་གྱི་མཚོན་རྟགས་རང་བཞིན་གྱི་དུས་སྟོན་ཞིག་ཏུ་གྱུར་འདུག་པར་མ་ཟད། བོད་ལྗོངས་ཀྱི་སྟོན་ཁ་དང་དགུན་ཁའི་གནས་སྐོར་གྱི་ཡོང་སྒོ་འཕར་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་འདུག་པ་རེད།།

 
  • ལེ་ཚན་སྔོན་མ།:བོད་ལྗོངས་སུ་བུད་མེད་ཁེ་ལས་པའི་མཐུན་ཚོགས་བཙུགས།
  • ལེ་ཚན་རྗེས་མ།:དགེ་ཆོས་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རིག་གཞུང་བསམ་བློ་སྐོར་གྱི་དཔེ་དེབ་ངོ་སྤྲོད།
  • དོ་སྣང་ཆེ་བའི་རྩོམ།