ལྷ་སའི་དགོང་དྲོའི་ཚགས་པར། 2013-09-22
བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལི་རོང་གིས་ངོ་སྤྲོད་ལྟར་ན། ད་སྔ་མཐུན་ཚོགས་ལ་ཁོངས་མི42ཡོད་པའི་ནང་དུ་རྒྱལ་དབང་ཁེ་ལས10དང་། དམངས་གཉེར་ཁེ་ལས32བཅས་ཡོད་ལ། དེ་དག་རིག་གནས་དང་། སློབ་གསོ། ཡུལ་སྐོར། ལག་ཤེས་བཟོ་རྩལ། བཟས་བཏུང་། མཛེས་བཟོ་ལ་སོགས་པའི་མངའ་ཁོངས་སུ་ཁྱབ་ཡོད། ཕྱིས་སུ་མཐུན་ཚོགས་ཀྱི་སྙན་གྲགས་ཆེ་ཆེར་བཏང་སྟེ། བུད་མེད་ཁེ་ལས་པ་སྔར་ལས་མང་པོ་ཞུགས་སུ་འཇུག་རྒྱུ་ཟེར།
བུད་མེད་ཁེ་ལས་པའི་མཐུན་ཚོགས་བཙུགས་པ་ནི་ཚང་མས་ཕན་ཚུན་བར་བརྗེ་རེས་དང་མཉམ་ལས་བྱེད་པར་བསྐྲུན་པའི་སྟེགས་བུ་ལེགས་པོ་ཞིག་ཡིན། འདི་ནས་ངས་ལས་རིགས་མི་ཉུང་བ་ཞིག་གི་བུད་མེད་ཁེ་ལས་པ་ངོ་ཤེས་བྱུང་། ང་ཚོས་ཕན་ཚུན་བར་སློབ་སྦྱོང་དང་དོ་དམ་ཉམས་མྱོང་ཐད་ནས་འབྲེལ་འདྲིས་བྱེད་ཐུབ་པ་མ་ཟད། མཉམ་ལས་གཉིས་ཕན་དང་། མཉམ་པོར་གོང་དུ་སྤེལ་གཏོང་ཐུབ། ཞེས་བོད་ལྗོངས་ཐོག་ཁང་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྤྱི་གཉེར་བ་ལི་མེ་ལན་གྱིས་ཁོངས་མིའི་ཚོགས་འདུར་ཞུགས་རྗེས་སུ་གསར་འགོད་པར་དེ་སྐད་ཟེར། ཤེས་གསལ་ལྟར་ན། རང་སྐྱོང་ལྗོངས་བུད་མེད་ཁེ་ལས་པའི་མཐུན་ཚོགས་བཙུགས་པའི་དམིགས་ཡུལ་ནི། བོད་ཀྱི་བུད་མེད་ཁེ་ལས་པའི་འདོད་མོས་མངོན་མཚོན་དང་། བུད་མེད་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ། བུད་མེད་ཁེ་ལས་པའི་བར་གྱི་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན ། དོ་དམ་ཆུ་ཚད་དང་གསར་གཏོད་ནུས་པ་ཇེ་མཐོར་གཏོང་བར་རམ་འདེགས་བཅས་བྱས་ཏེ། བུད་མེད་ཁེ་ལས་པ་དང་སྲིད་གཞུང་གི་སྡེ་ཚན་ཁག་དང་། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་བར་ལ་སྦྲེལ་ཟམ་འཛུགས་ཕྱིར་ཡིན།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10