བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་ལ་ཉེ་བ་བཏང་ནས་སློབ་གྲྭ་ཆུང་འབྲིང་བརྒྱ་ལྷག་ལ་ལུས་པོ་འཁྲུད་ཁང་བསྐྲུན།

མིག་དམར་གྱིས་བསྒྱུར།        2013-09-05

 ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ8པའི་ཚེས22ཉིན་འབྱོར་བའི་གཏམ་གསར། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་རྒྱུར། ན་ནིང་ལོ་ནས་བཟུང་བོད་ལྗོངས་ཀྱིས་མ་དངུལ་ཁྱོན་བསྡོམས་དུང་ཕྱུར་ལ་ཉེ་བ་བཏང་ནས་སློབ་གྲྭ་ཆུང་འབྲིང་གི་ལུས་པོ་འཁྲུད་ཁང་བསྐྲུན་ཞིང་སྔོན་རྩིས་བྱས་ན་ད་ལོའི་ལོ་མཇུག་གི་སྔོན་སློབ་གྲྭ་ཆུང་འབྲིང108ལ་ལུས་པོ་འཁྲུད་ཁང་བསྐྲུན་ཚར་རྒྱུ་རེད།
    རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་སློབ་གསོ་ཚན་རྩལ་རིག་གནས་ཁྲུའུའི་ཁྲུའུ་ཀྲང་ལུའུ་མིང་ཞིའུ་ཡིས་བཤད་རྒྱུར། 2012ལོ་ནས་བོད་ལྗོངས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་ལུས་པོ་འཁྲུད་ཁང་བསྐྲུན་པའི་རྣམ་གྲངས་འགོ་བཙུགས་ཤིང་། ལོ3ནས5ཡི་བར་ལྗོངས་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང1000ལྷག་ལ་ལུས་པོ་འཁྲུད་ཁང་བསྐྲུན་ཚར་རྒྱུ་རེད། 2012ལོར་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི4200བཏང་ནས་སློབ་གྲྭ45ཡི་ལུས་པོ་འཁྲུད་ཁང་བསྐྲུན་ཡོད། ད་ལོའི་ལོ་སྟོད་དུ། ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི2000བཏང་ནས་སློབ་གྲྭ26ཡི་ལུས་པོ་འཁྲུད་ཁང་བསྐྲུན། ལོ་མཇུག་ཏུ་ད་དུང་མ་དངུལ་སྒོར་ཁྲི3000བཏང་ནས་སློབ་གྲྭ་ཆུང་འབྲིང་གི་ལུས་པོ་འཁྲུད་ཁང་38བསྐྲུན་རྒྱུ་རེད།
    དུས་ཡུན་རིང་པོའི་ནང་བོད་ལྗོངས་ཞིང་འབྲོག་ཁུལ་གྱི་སློབ་གྲྭར་དཔལ་འབྱོར་ཆ་རྐྱེན་ཞན་པ་སོགས་རྒྱུ་རྐྱེན་མང་པོ་ཞིག་གིས་ལུས་པོ་འཁྲུད་ཁང་སོགས་ཀྱི་སྒྲིག་ཆས་མི་འདང་སྟབས་སློབ་གྲྭ་ཆུ་འབྲིང་གི་སློབ་མའི་འཕྲོད་བསྟེན་གྱི་ཐད་ལ་ཤུགས་རྐྱེན་ཐེབས་པ་རེད། ལུས་པོ་འཁྲུད་ཁང་བསྐྲུན་པ་དེས་བྱིས་པ་རྣམས་ཀྱིས་འཕྲོད་བསྟེན་གནས་ཚུལ་ལེགས་བཅོས་ཐུབ་པས་མ་ཚད།བསམ་པའི་ཉམས་འགྱུར་ལེགས་བཅོས་བྱེད་པ་ལའང་སྐུལ་འདེད་བྱས་པ་རེད་ཅེས་སྟོད་ལུང་བདེ་སྐྱིད་རྫོང་གི་སློབ་འབྲིང་དགེ་རྒན་རྣམ་རྒྱལ་སྒྲོལ་དཀར་གྱིས་ད་ལྟར་བཤད་པ་རེད།

  • ལེ་ཚན་སྔོན་མ།:2013ལོའི་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཞེས་པའི་གཟི་བརྗིད་མཚན་སྙན་ལྷ་ས་གྲོང་ཁྱེར་ལ་ཐོབ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར300བཏང་ནས་གཙང་པོ་གཉིས་དང་ཆུ་བོ་བཞིའི་ནགས་བཟོ་སྔོ་འགྱུར་ལས་གྲྭའི་འ
  • དོ་སྣང་ཆེ་བའི་རྩོམ།