ཞིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས་གནས་ཚུལ་འབྱོར་གསལ། སྤྱི་ཟླ་8པའི་ཚེས་26ཉིན། ཀྲུང་གོའི་གྲོང་ཁྱེར་གྱི་འགྲན་ནུས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ། དགེ་རྒན་ཆེན་མོ་བ་ཀུའེ་ཇང་ཧྥང་གིས་ལྷ་ས་གྲོང་ཁྱེར་སྲིད་གཞུང་ལ་2013ལོའི་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཞེས་པའི་མཚན་སྙན་སྤྲད་ཡོད།ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཚའོ་ཀྲི་མིང་མཚན་སྙན་བྱང་བུ་སྤྲོད་པའི་མཛད་སྒོར་ཞུགས་ཡོད།
ཐེངས་འདིའི་དཔྱད་འདེམས་ནི་༼ཀྲུང་གོའི་གྲོང་ཁྱེར་༽ཞེས་པའི་དུས་དེབ་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོའི་གྲོང་ཁྱེར་གྱི་འགྲན་ནུས་ཞིབ་འཇུག་ཚོགས་པ་དང་འཛམ་གླིང་གྲོང་ཁྱེར་མཉམ་ལས་རྩ་འཛུགས་ཀྱིས་རིག་གཞུང་རོགས་སྐྱོར་ཚན་པ་བྱས་ཏེ་གྲོང་ཁྱེར་ཁག་གི་ཁྱད་ཆོས་ལ་གཞིགས་ནས། མཐར་འདེམས་སྒུག་གྲོང་ཁྱེར་50ཡི་ཁྲོད་ནས་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་20བདམས་ཏེ་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དུ་གྱུར་ཡོད། ལྷ་སར་ཉི་འོད་གྲོང་ཁྱེར་སེམས་ཁོང་གི་ཁྱིམ་གཞིས་ཞེས་པའི་མིང་བཏགས་པ་དང་གནའ་གྲོང་ལྷ་ས་ལོ་ལྔ་བསྟུད་མར་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ལ་བདམས་ཡོད།