ད་ལོའི་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་ཡོངས་སུ་དྲོད་རླངས་མཁོ་འདོན་ཐུབ་རྒྱུ་ཡིན་པ།

    བོད་ལྗོངས་འཕྲིན་དྲ།    2013-09-04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས30ཉིན་འཚོགས་པའི་སྤྱི་ལོ2013ལོའི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་དྲོད་མཁོ་འདོན་གྱི་སྐུལ་སློང་ཚོགས་ཆེན་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་དྲོད་མཁོ་འདོན་བྱེད་ཚད་རྒྱ་ཁྱོན་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ1300ཙམ་ཟིན་པ་དང་། ན་ནིང་སྤྱི་ཟླ4པར་ཚོད་ལྟའི་ལས་དོན་འགོ་ཚུགས་པ་དང་ན་ནིང་གི་ལོ་མཇུག་ཏུ་སྤྱིའི་རྣམ་གྲངས་འཛུགས་སྐྲུན་གྱི40%ལེགས་གྲུབ་ཟིན་ཡོད་པ་རེད།

ད་ལོ་དྲོད་མཁོ་འདོན་ལས་གཞིར་མ་དངུལ་སྒོར་དུང་ཕྱུར47གཏོང་རྩིས་ཡོད་པ་དང་། དུད་ཚང་ཁྲི6.3གྱི་སྡོད་ཁང་གི་སྤྱིའི་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ780ལ་དྲོད་མཁོ་འདོན་ལས་གཞིའི་འཛུགས་སྐྲུན་ལས་འགན་ལེགས་གྲུབ་ཟིན་པ་བྱས་ནས་དྲོད་མཁོ་འདོན་ཚང་མར་ཁྱབ་པ་བྱེད་རྒྱུ་རེད། ལྷ་སའི་དྲོད་མཁོ་འདོན་ལས་གཞི་དེ་ནི་དམངས་ཕན་གྱི་གལ་ཆེའི་ལས་གཞི་ཞིག་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལས་གཞི་ཞིག་རེད། ལས་གཞི་དེས་མེ་ཤིང་སོགས་ནུས་རྒྱུ་བསྲི་ཚགས་དང་བེད་སྤྱོད་བྱེད་ཤུགས་ཉུང་དུ་གཏོང་ཐུབ་ནས་བོད་ཀྱི་ཁོར་ཡུག་དེ་བས་སྲུང་སྐྱོབ་ཐུབ་རྒྱུ་རེད།  །

  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་རྒྱལ་ཁབ་རིམ་པའི་ཚོད་ལྟ་བྱེད་ཁུལ་ཉག་ཅིག་གི་ཐོན་རྫས་རིན་ཐང་སྒོར་དུང་
  • ལེ་ཚན་རྗེས་མ།:སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ་ཟླ་བ11པར་འཚོག་རྒྱུའི་གཏན་འབེབས་བྱས།
  • དོ་སྣང་ཆེ་བའི་རྩོམ།