བསྟན་འཛིན་རྣམ་རྒྱལ། ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-09-02
རྒྱ་གར་མཚམས་སྦྱོར་ལས་རིགས་ཀྱིས་སྤྱི་ཟླ8པའི་ཚེས་30ཉིན་གནས་ཚུལ་སྤེལ་བར། རྒྱ་གར་གྱིས་ཉིན་དེར་ལེགས་གྲུབ་ལྡན་པའི་ངང་རྒྱལ་སྲུང་སྲུང་སྐར་དང་པོ་འཕེན་གཏོང་བྱས་ཡོད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གནས་ཚུལ་སྤེལ་བར་གཞིགས་ན། སྲུང་སྐར་དེའི་ལྗིད་ཚད་ལ་ཏུན་2.5ཡོད་པ་དང་རྒྱ་གར་བར་སྣང་ཞིབ་མཇུག་སྒྲིག་འཛུགས་ཀྱིས་གསར་སྤེལ་བྱས་ཞིང་རང་བདག་ཤེས་བྱའི་ཐོན་དབང་ཡོད་པ་དང་འཆར་གཞི་བྱས་ན་ཟླ་བ་རྗེས་མར་བེད་སྤྱོད་བྱ་རྒྱུ་ཡིན་པ་རེད། རྒྱ་གར་བར་སྣང་ཞིབ་མཇུག་སྒྲིག་འཛུགས་ཀྱིས་སྲུང་སྐར་འཕྲིན་གཏོང་གི་འཕྲིན་ལམ་ཁྱབ་རྒྱ་ཅུང་ཆེ་བ་དང་། ནུས་པའི་ཁེབས་ཚད་དེ་སྦི་ཐེ་བསྡུར་ཚད་དམའ་བའི་སྐད་ཡིག་འཕྲིན་གཏོང་ནས་སྦི་ཐེའི་བསྡུར་ཚད་མཐོ་བའི་གྲངས་གཞིའི་འཕྲིན་གཏོང་བར་ཡིན་པ་དང་། སྔོན་དཔག་བྱས་ན་སྲུང་སྐར་དེའི་སྤྱོད་ཡུན་ལོ་15ཡིན་པ་རེད།
སྒྲིག་འཛུགས་དེས་ད་དུང་སྲུང་སྐར་དེ་གཙོ་བོ་རྒྱ་གར་གྱི་མཚོ་དམག་ལ་ཞབས་ཞུ་བྱས་ནས་ཉེ་འཁོར་རྒྱ་མཚོའི་འགོག་སྲུང་བྱ་དོན་ཐད་བེད་སྤྱོད་བྱ་རྒྱུ་ཡིན་ཞེས་བཤད་ཀྱི་འདུག །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10