ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-09-02
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ8པའི་ཚེས29ཉིན་འཇར་མན་གྱི་ཙུང་ལི་མུ་ཁེར་གྱིས་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིན་ལ་ཞལ་པར་བསྐྱོན་ནས། སི་རི་ཡའི་གནས་བབ་ཐད་དགོངས་འཆར་བརྗེ་རེས་གནང་འདུག
ཕྱོགས་གཉིས་པོས་མགྲིན་གཅིག་ཏུ་སི་རི་ཡའི་གདོང་གཏུག་ནི་ཆབ་སྲིད་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱེད་དགོས་པ་དང་། ངེས་པར་དུ་མུ་མཐུད་འབད་བརྩོན་བྱས་ནས་སི་རི་ཡའི་གནད་དོན་སྐོར་གྱི་རེ་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པ་སྐོང་ཚོགས་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས་པའི་ངོས་འཛིན་གནང་འདུག མོ་ཁེར་གྱིས་སི་རི་ཡ་སྲིད་གཞུང་གིས་མང་ཚོགས་ལ་རྫས་གྱུར་མཚོན་ཆ་བེད་སྤྱད་དེ་དཔུང་འཇུག་བྱས་པའི་གནད་དོན་ལ་ངེས་པར་དུ་རྒྱལ་སྤྱིའི་ལན་ཆ་བྱེད་དགོས་ཞེས་དང་། ཁོང་གིས་སི་རི་ཡའི་རྫས་གྱུར་མཚོན་ཆའི་གནད་དོན་དོན་དངོས་ཡིན་མིན་རྟག་དཔྱད་བྱེད་མཁན་མཉམ་འབྲེལ་རྒྱལ་ཚོགས་རྟག་དཔྱད་ཚོགས་ཆུང་གིས་ལས་དོན་གང་མགྱོགས་ལེགས་གྲུབ་བྱས་ནས། མགྱོགས་མྱུར་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྙན་ཞུ་འབུལ་ཐུབ་པའི་རེ་བ་གནང་འདུག
མོ་ཁེར་གྱིས་དེའི་གོང་དུ་སི་རི་ཡའི་གནས་བབ་ཐད་ཁག་སོ་སོར་དབྱིན་ཇིའི་དབུ་ཞུགས་བློན་ཆེན་ཁ་མིན་ལུན་དང་ཧྥ་རན་སིའི་ཙུང་ཐུང་ཨའོ་ལེང་དེ་རྣམ་གཉིས་ལ་ཞལ་པར་བསྐྱོན་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10