《 གཡང་མདའ》ལ་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་དུས་ཆེན་སྐབས32པའི་མཚན་བཀོད་བྱ་དགའ་ཐོབ་པ།
མཚོ་སྔོན་པོ་དྲ་བ། 2014-12-03
རྒྱུས་ལོན་པ་ལྟར་ན། བོད་ཀྱི་གློག་བརྙན 《 གཡང་མདའ》 ལ་སྨི་ལན་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་བརྙན་འཕྲིན་དུས་ཆེན་སྐབས32པའི་མིང་འདོན་བྱ་དགའ་ཐོབ་པ།
ཉེ་ཆར། པེ་ཅིང་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་ཆེད་སྟོན་གཟའ་འཁོར་སྐབས་བཅུ་བར་མཚམས་སྦྱོར་གནང་སྟེ། སྨི་ལན་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་བརྙན་འཕྲིན་དུས་ཆེན་སྐབས32པའི་འཛམ་གླིང་རྟིང་རྩོད་འགྲན་སྡུར་ལ་ཞུགས་པའི་གློག་བརྙན11ལས། གློག་བརྙན5གཟེངས་སུ་ཐོན་ཅིང་གཙོ་སྒྲུབ་ཕྱོགས་ནས་མཚན་བཀོད་བྱ་དགའ་གནང་། སོ་སོར་ཨོ་ལིན་ཕིག་སྙིང་སྟོབས་ཏེ་ཨོ་ལིན་ཕིག་རིན་ཐང་སྡེར་མཚན་བཀོད་གནང་བའི 《 མཆོང་རྒྱུག་ཐོག་མ》 དང 《 དག་གཙང་གི་ཁ་ན་སི། གངས་ཁྲོད་ཀྱི་མི་རིགས》 དང་། གཏམ་རྒྱུད་གློག་བརྙན་སྡེར་མཚན་བཀོད་གནང་བའི 《 གཡང་མདའ》 ལུས་རྩལ་བརྡ་ཁྱབ་སྡེར་མཚན་བཀོད་གནང་བའི 《 དགུན་དུས་ཨོ་རྩལ་དྲིལ་སྒྲོག་རེ་ཞུ》 དང 《 སྐྱིད་སྣང་གི་ལུས་སྦྱོང་སྟེ་ཐེ་པད》 བཅས་ཡིན། མཚན་བཀོད་བྱ་དགའ་ཐོབ་པའི་གློག་བརྙན་ལྔ་བོ་འདི་སྤྱི་ཟླ12པའི་ཚེས3ནས་ཚེས8བར་དབྱི་ཐ་ལིའི་མངའ་སྡེ་སྨི་ལན་ནས་བསྡུས་པའི་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་བརྙན་འཕྲིན་དུས་ཆེན་གྱི་འཛམ་གླིང་རྟིང་རྩོད་འགྲན་སྡུར་ལ་ཞུགས་ནས་འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་བཏོན་པའི་གློག་བརྙན་ཁག་དང་མཉམ་པོར་འགྲན་རྩོད་གནང་དགོས་ཡོད་པ་རེད།
པེ་ཅིང་ཧི་ལ་ལ་ཡ་བརྙན་ཟློས་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་སི་སྒྲིག་བཟོ་བྱས་པའི 《 གཡང་མདའ》 ལ་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས17པའི་ཅིན་ཅུའེ་རྟགས་མའི་པར་ལེན་ཡག་ཤོས་ཀྱི་བྱ་དགའ་ཐོབ་མྱོང་། གློག་བརྙན་དེས་ལྟ་མོ་བའི་མིག་དབང་ཁྱད་མཚར་བའི་བོད་ལྗོངས་ལ་འཕྲོས་ཤིང་། བོད་རིགས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་སྐར་མ96ནང་ལོ་ངོ་སྟོང་ཕྲག་གི་གནའ་བོའི་ལོ་རྒྱུས་ལྡན་པའི་མདོ་སྨད་གཙན་ཚའི་ཡུལ་གྱི་བོད་པའི་མདའ་རྩལ་གྱི་གཏམ་རྒྱུད་བརྗོད་ཡོད།