དྲྭ་ཆེན་ཀྲུང་གོ་ཞེས་པ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་འཕར་ནས་ཐོན་སྐྱེད་དང་འཚོ་བར་འཕོ་འགྱུར་ཆེན་པོ་ཡོང་རྒྱུ།

གངས་སྐྱིད་ཀྱིས་བསྒྱུར།        2013-08-22

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ8པའི་ཚེས18ཉིན་འབྱོར་བའི་གཏམ་གསར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་དུས་དྲྭ་ཆེན་ཀྲུང་གོ་ཞེས་པའི་འཐབ་ཇུས་དང་ལག་ལེན་འཆར་གཞི་བཏང་སྟེ་དྲྭ་ཆེན་ཀྲུང་གོ་བསྒྲུབ་རྒྱུའི་འཆར་གཞི་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོག་ལ་དངོས་སུ་འཕར་ཡོད། འཆར་ཟིན་འགོད་པའི་ཚོ་ཆུང་གི་ཆེད་ལས་མཁས་ཅན་གྱིས་འཐབ་ཇུས་དེས་རྒྱལ་ཁབ་ཀྱིས་གསར་སྐྲུན་གང་འདྲ་བྱས་པར་བརྒྱུད་འབྱུང་འགྱུར་བརྩོན་ལེན་བྱེད་པར་འབྲེལ་བ་ཡོད་པ། ཚད་ཆེས་ཆེ་བའི་ཐོག་ཐབས་ཇུས་བྱེད་པ་དེ་ཡོངས་བསྒྲགས་དང་དམངས་འཚོ་ཡིན་པར་མངོན་འགྱུར་བྱ་རྒྱུ་རེད་ཅེས་བཤད་པ་རེད།
   དྲྭ་ཆེན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ནང་བཞིན་གྱི་སྤྱི་པའི་རྨང་གཞི་སྒྲིག་ཆས་ཡིན་པར་གནས་ཐིག་གཏན་འཁེལ་བྱེད་པ་དེ་ནི་སྔོན་མའི་ཡིག་ཆ་གང་ཞིག་ཏུ་བཏོན་མ་མྱངས་ཞེས་པ་ནི་འཆར་ཟིན་འགོད་པའི་ཚོ་ཆུང་གི་ཚོ་དཔོན། བཟོ་ལས་ཆ་འཕྲིན་པུའུ་ཡི་གློག་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་བཟོ་བཀོད་པ་ཡུས་ཞའོ་ཅུན་གྱིས་བཤད་པ་རེད། རང་རྒྱལ་ནི་སྒོ་ཀུན་ནས་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་ལ་འཇུག་ཡོད། གལ་ཆེ་བའི་ཆ་འཕྲིན་གྱི་རྨང་གཞི་སྒྲིག་ཆས་བྱེད་པར་ཆ་བཞག་སྟེ་བཤད་ན། དྲྭ་ཆེན་གྱིས་དངོས་པོའི་འཕྲིན་སྦྲེལ་དྲ་བ་དང་རིམ་པ་ཆེས་མཐོ་བའི་རྩིས་རྒྱག་སོགས་མཐོ་གསར་ལག་རྩལ་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་རྟེན་བྱེད་ཡོད་པ། དྲྭ་ཆེན་འཕེལ་རྒྱས་གཏོང་བ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་བྱས་ཏེ་འཕེལ་རྒྱས་གཏོང་བའི་ཚན་རིག་འདུས་ཚད་མཐོ་རུ་གཏོང་བ་དེ་རང་རྒྱལ་གྱི་འཛམ་གླིང་ཐོག་འགྲན་རྩོད་བྱེད་རིང་ཕན་ལྡན་གྱི་གོ་གནས་ཡོད་པར་ཕན་ཐོགས་ཡོད་པ། དེ་སྔོན། རྒྱལ་ཁབ130ལྷག་ལ་རིགས་འདི་འདྲ་ནང་བཞིན་གྱི་འཐུབ་ཇུས་དང་བྱ་སྤྱོད་འཆར་གཞི་ལག་ལེན་བསྟར་ཡོད་པ་རེད། 
  • ལེ་ཚན་སྔོན་མ།:ལི་ཁེ་ཆང་གིས་དུས་ནམ་ཡང་མཐོ་གྲང་ས་ཁུལ་ས་འགུལ་ཐེབས་ཁུལ་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་འཇོག་དགོས་ཞེས་ནན་ག
  • ལེ་ཚན་རྗེས་མ།: ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར5བཏང་སྟེ་ཞིང་ཆེན8ཀྱིས་ཞིང་ལས་ལག་རྩལ་ཁྱབ་གདལ་དང་ཞབས་འདེག
  • དོ་སྣང་ཆེ་བའི་རྩོམ།