རང་རྒྱལ་གྱི་ཞིང་ལྗོངས་མང་པོར་དྲག་ཆར་བབས་ཏེ་ཆུ་དགྲའི་གནོད་འཚེ་ཐེབས་པ།

        2013-08-21

ཉེ་ལམ་དྲག་ཆར་བབས་པ་དེ་ལས་ཤར་བྱང་ས་ཁུལ་དང་ཀོང་ཏུང་། ཧུའུ་ནན། ཀོས་ཀྲིག་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལ་ཆུ་དགྲའི་གནོད་འཚེ་ཐེབས།

ད་ལྟའི་བར། ཅི་ལིན་ཞིང་ཆེན་གྱི་ལའོ་ཡོན་དང་ཡན་པེན། ཐུང་ཧྭ། སི་ཕེན་སོགས་ས་ཁུལ་དྲུག་གི་རྫོང་དང་གྲོང་ཁྱེར། ས་ཁུལ་ཉེར་བརྒྱད་ཀྱི་ཞང་དང་གྲོང་བརྡལ་ཉིས་བརྒྱ་དང་བཅུ་གཅིག་གི་མི་གྲངས་འབུམ་བདུན་དང་ཁྲི་ལྔ་སྟོང་དགུ་ལྷག་ལ་ཆུ་དགྲའི་གནོད་འཚེ་ཐེབས་པ་དང་། ཁང་བ་གྱན་སྟོང་གཅིག་དང་དྲུག་བརྒྱ་ལྷག་བརྡིབས་པ་དང་། མི་ཁྲི་བརྒྱད་དང་སྟོང་དགུ་ལྷག་བདེ་འཇགས་ཡིན་སར་སྤར་། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་གར་སོང་མ་ཤེས།

ལའོ་ཉིན་ཞིན་ཆེན་དུ་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་གྱི་ཚུན་ལ་དྲག་ཆར་བབས་ཏེ་ཞིང་ཆེན་ཡོངས་ཀྱི་མི་ས་ཡ་གཅིག་དང་འབུམ་ལྔ་ཁྲི་གཉིས་ལ་ཆུ་དགྲའི་གནོད་འཚེ་ཐེབས་པ་དང་། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་གར་སོང་མ་ཤེས། མི་འབུམ་གཅིག་དང་ཁྲི་གཉིས་ལྷག་མྱུར་དུ་བདེ་འཇགས་ཡིན་སར་སྤར་བ་དང་། ཐད་གར་དུ་སྒོར་ཐེར་འབུམ་གཉིས་ཀྱི་གྱོང་གུད་ཐེབས།

བསྟུད་མར་དྲག་ཆར་བབས་པ་ལས་བྱང་ཤར་གྱི་འགྲིམ་འགྲུལ་དང་ལྕགས་ལམ་དང་། དམངས་སྤྱོད་མཁའ་འགྲུལ། གཞུང་ལམ་སྐྱེལ་འདྲེན་བཅས་ལའང་གནོད་པ་ཆེན་པོ་བཟོས།

སྤྱི་ཟླ8པའི་ཚེས17ཉིན། རྒྱལ་ཁབ་གནོད་སེལ་རྒུད་སྐྱོབ་ཨུ་ཡོན་ལྷན་ཁང་དང་དམངས་སྲིད་པུའུ་ཡིས་ལའོ་ཉིན་དང་ཅི་ལིན་ཞིང་ཆེན་གཉིས་ལ་ཉེ་ལམ་དྲག་ཆབ་བབས་ཏེ་ཆུ་དགྲའི་གནོད་འཚེ་ཐེབས་པར་གཞིགས་ཏེ། གནོད་ཐེབས་ས་ཁུལ་ལ་བྱ་བའི་ཚན་ཁག་མངགས་པར་མ་ཟད། ལའོ་ཉིན་ཞིང་ཆེན་ལ་རས་གུར་སྟོང་གསུམ་དང་། ཉལ་ཐུལ་སྟོང་ལྔ། སྟབས་བདེ་མལ་ཁྲི་སྟོང་གཉིས། ཉལ་ཁུག་སྟོང་གསུམ་སོགས་ཀྲུང་དབྱང་རྒུད་སྐྱོབ་གསོག་འཇོག་དངོས་རྫས་བསྐྱལ་ཏེ། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རྒུད་སྐྱོབ་བྱ་བ་ལེགས་པོར་སྒྲུབ་པར་རོགས་བྱས། །

 
0
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་དཔྱད་འདེམ་གཟེངས་བསྟོད་བྱ་འགུལ་སྐབས་བཞི་བ་སྤེལ་བར་དགའ་བསུ་ཆེན་པོ་ཐོབ་
  • ལེ་ཚན་རྗེས་མ།:གཉན་པོ་གཡུ་རྩེའི་མཛེས་ལྗོངས་ལ་རྒྱལ་ཁབ་ཀྱི་ཆུ་བེད་མཛེས་ལྗོངས་ཀྱི་མཚན་གསོལ་བ།
  • དོ་སྣང་ཆེ་བའི་རྩོམ།