རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་དཔྱད་འདེམ་གཟེངས་བསྟོད་བྱ་འགུལ་སྐབས་བཞི་བ་སྤེལ་བར་དགའ་བསུ་ཆེན་པོ་ཐོབ་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-08-21

རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་དཔྱད་འདེམ་གཟེངས་བསྟོད་བྱ་འགུལ་སྐབས་བཞི་བ་སྤེལ་བ་ནས་བཟུང་རྒྱལ་སའི་སྨྱན་བྱད་ཁག་དང་དྲ་ཚིགས་དག་གིས་འདེམ་སྒུག་པ་སུམ་བརྒྱ་དང་བཅོ་བརྒྱད་ཀྱི་ལོ་རྒྱུས་ཕྱིར་བསྒྲགས་རྗེས་ལས་རིགས་སོ་སོ་ནས་དགའ་བསུ་ཆེན་པོ་ཐོབ་པ་དང་སྐབས་སྔོན་མར་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་གྱི་མཚན་སྙན་ཐོབ་མཁན་དག་གིས་ཀྱང་སྔ་གཞུག་ཏུ་སྐབས་བཞི་བའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་གྱི་འདེམ་སྒུག་པ་དག་གི་ལོ་རྒྱུས་ལ་བལྟས་ནས་ཡིད་སེམས་འགུལ་བས་རང་རྒྱལ་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཇེ་ཡག་ཏུ་སོང་བ་དང་ཀུན་སྤྱོད་ཀྱི་སྟོབས་ཤུགས་ནི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་ཡོང་བའི་སྒུལ་ཤུགས་ཆེན་པོ་ཡིན་པར་བསྟན།

སྐབས་གསུམ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་ཁུང་ལང་རོས་ཀྱིས་བཤད་རྒྱུར། ཐེངས་འདིའི་དྲ་རྒྱ་སྟེང་གི་འདེམས་ཤོག་དེ་དུང་ཕྱུར་གཅིག་ལས་བརྒལ་འདུག ཚང་མས་མཐོང་ཆེན་བྱེད་བཞིན་འདུག ང་དང་ལས་གྲོགས་ཚོ་ཡང་དེའི་ནང་དུ་ཞུགས་ཡོད། ངས་བསམ་ན་ཐེངས་འདིར་སྤྱི་ཚོགས་ཡོངས་སུ་གྲགས་འགུལ་ཆེན་པོ་ཞིག་བཟོས་སོང་། ནང་སྒོས་སུ་རྒྱལ་ཡོངས་མི་དམངས་ཀྱི་ཡིད་ཆེས་དང་རང་བཀུར། རང་གཅུན། རང་ཉིད་དོ་དམ་ཀྱི་འདུ་ཤེས་གསོ་སྦྱོང་བྱས་ཡོད་ཟེར།  ། 

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་ཀན་སུའུ་མེན་རྫོང་དང་ཀྲང་རྫོང་གཉིས་ཀྱི་ས་འགུལ་གནོད་ཐེབས་ས་ཁུལ་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་ཞིང་ལྗོངས་མང་པོར་དྲག་ཆར་བབས་ཏེ་ཆུ་དགྲའི་གནོད་འཚེ་ཐེབས་པ།
  • དོ་སྣང་ཆེ་བའི་རྩོམ།