ད་ལོར་འབའ་ལུང་རྫོང་གིས་གཙོ་གནད་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར70གཏོང་རྒྱུ་རེད།

    ཀྲུང་གོ་བོད་ཀྱི་དྲ་བ།    2014-02-26

2014ལོར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས204ལག་བསྟར་བྱེད་རྒྱུ་ཡིན་པ་དང་།  གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཐད་མ་དངུལ་གཏོང་བར་སྒོར་དུང་ཕྱུར70ལས་བརྒལ་བའི་མངོན་རེ་བ་ཡོད། འཛུགས་སྐྲུན་རྣམ་གྲངས་ཐད“ སྐོར་ཞིག་གསོག་འཇོག་བྱེད་པ་དང་།  སྐོར་ཞིག་གན་རྒྱ་འཇོག་པ།  སྐོར་ཞིག་ལས་འགོ་བརྩམས་རྒྱུ་ཡིན་པ།  སྐོར་ཞིག་ལེགས་འགྲུབ་འབྱུང་བ།  སྐོར་ཞིག་ཐོན་སྐྱེད་བྱེད་རྒྱུ་ཡིན་པའི” འཐབ་ཇུས་བསམ་བློ་ལྟར།  འབའ་ལུང་རྫོང་གིས་སྔར་ལས་ལྷག་པར་མ་དངུལ་གཏོང་བའི་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་ཡིན་པ་དང་།རྣམ་གྲངས་འཛུགས་སྐྲུན་གྱི་དཀའ་ཁག་ཐད་ཤུགས་བསྣན་ནས།  ས་གཞི་དང་མ་དངུལ་ཧྲག་བསྡུ་བྱེད་པའི་དཀའ་ཁག་གཉིས་སེལ་བས།  ཚོང་འགུག་དངུལ་འདྲེན་ཐད་གྱི་འཕར་སྣོན20%ཡན་ལ་སླེབས་པར་བརྩོན་ལེན་བྱས།  ། 
 
  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་མང་ཚོགས་ཀྱིས་ཤིང་ཕོ་རྟ་ལོའི་བོད་ལུགས་ལོ་སར་ལ་གྲ་སྒྲིག་བྱེད་བཞིན་པ།
  • དོ་སྣང་ཆེ་བའི་རྩོམ།