བོད་ལྗོངས་ཚགས་པར་ཁང་ནས་འབྱོར་བའི་གཏམ་གསར། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ལོ་གཉིས་ཙམ་གྱི་དུས་ཚོད་སྤྱད་དེ་ལག་འཚེམ་བརྒྱབ་པའི་སྦྲ་གུར་དེ་ཉེ་ཆར་བོད་ལྗོངས་འདམ་གཞུང་རྫོང་རྟ་རྒྱུག་ར་བའི་ནང་ཕུབ་པ་རེད། རིང་ཚད་སྨི45ཟིན་པ་དང་། ཞེང་ཚད་སྨི24ཟིན་པ། མཐོ་ཚད་སྨི6ཟིན་པ། ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ1080ཟིན་པ། མི1000ཙམ་གཤོང་བ་བཅས་ཀྱི་སྦྲ་གུར་དེ་མིག་སྔར“འཛམ་གླིང་གི་སྦྲ་གུར་ཆེ་ཤོས”ཐོག་ནས་འཛམ་གླིང་ཅི་ཉི་སིའི་ཟིན་ཐོའི་ནང་འགོད་རྒྱུའི་རེ་འདུན་ཞུ་བཞིན་ཡོད་པ་རེད།