མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-07-26
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སྤྱི་ཟླ7པའི་ཚེས23ཉིན་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་རི་སྐྱེ་སྲོག་ཆགས་སྲུང་སྐྱོབ་ལྟེ་གནས་ཀྱི་དགོ་དམར་གྱི་ཁྲོད་དུ་དགོ་ཕྲུག8ཇེ་མང་དུ་སོང་།
ཀྲུང་གོའི་ཆེས་ཆེ་བའི་དགོ་དམར་སྲུང་སྐྱོབ་རྒྱུད་སྤེལ་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་དགོ་དམར་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཆེད་དུ། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ཡིས་དགོད་ཕྲུག་རྩེབ་ལ་ཉེ་བའི་དགོ་དམར་ལ་སྲུང་སྐྱོབ་ལེགས་པོ་བྱས་པ་དང་། ཉིན20ལྷག་ལ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་དེ་ད་ལོར་ཡང་དགོད་ཕྲུག8བདེ་བླག་ངང་རྩེབ་པ་དང་དེ་ནི་ལོ་རྒྱུས་སྟེང་དགོ་དམར་རྒྱུད་སྤེལ་གྱི་གྲངས་ཀ་ཆེས་མང་པོའི་ལོ་ཞིག་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10