མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-07-24
འདི་ནི་ཟླ7པའི་ཚེས22ཉིན། ལན་ཀྲིག་དམག་ཁུལ་གྱི་དམག་དཔུང་ག་གེ་མོས་ཀན་སུའུ་མེན་རྫོང་མའེ་ཁྲོན་གྲོང་བརྡལ་ཡུང་ཀོང་སྡེ་བ་ནས་གྱེན་འཕུར་གནམ་གྲུ་ལ་བརྟེན་ནས་རྨས་མ་ལྗིད་མོ་སྨན་ཁང་དུ་སྐྱེལ་བའི་ཚུལ་རེད།
ཀན་སུའུ་ཞིང་ཆེན་ས་འགུལ་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་སྡོམ་རྩིས་བྱས་པ་ལྟར་ན། ད་ལྟའི་བར་མེན་རྫོང་དང་ཀྲང་རྫོང་གཉིས་ཀྱི་འབྲེལ་མཚམས་སུ་བྱུང་བའི་ས་འགུལ་ལས་བསྡོམས་པས་ཏིན་ཞི་དང་ལུང་ནན། ཐེན་ཧྲོས། པེ་དབྱིན། ཀ་ཆུ། ཀན་ལྷོ་བཅས་གྲོང་ཁྱེར་དང་ཁུལ་དྲུག་གི་རྫོང་དང་ས་ཁུལ་ཉེར་གཉིས་དང་། ཞང་དང་གྲོང་བརྡལ་ཉིས་བརྒྱ་དང་བཞིའི་མི་འབུམ་གཅིག་དང་ཁྲི་གཉིས་སྟོང་གསུམ་ལ་གནོད་འཚེ་ཐེབས་པ་དང་། གནོད་འཚེ་ལས་མི89རྐྱེན་ལམ་དུ་ཤོར་བ་དང་། མི5གར་སོང་མ་ཤེས་ལ། མི800ལྷག་ལ་རྨས་ཕོག མི31000ལྷག་མྱུར་དུ་བདེ་འཇགས་ཡིན་སར་བཀོད་སྒྲིག་བྱས།
མཚམས་སྦྱོར་བྱས་པ་ལྟར་ན། ཚེས22ཉིན་གྱི་ཕྱི་དྲོའི་དུས་ཚོད4བར། ཀན་སུའུ་ཞིང་ཆན་མེན་རྫོང་དང་ཀྲང་རྫོང་གཉིས་ཀྱི་འབྲེལ་མཚམས་སུ་ཚད་རིམ་དྲུག་དང་གྲངས་ཆུང་དྲག་གི་ས་འགུལ་བྱུང་བ་ལས་བསྡོམས་པས་ས་འགུལ་ཆུང་བ་ཐེངས་བཞི་བརྒྱ་དང་ཉེར་གཉིས་བྱུང་། གནོད་འཚེ་ཐེབས་པའི་གནས་ཚུལ་ད་ལྟ་ད་དུང་དཔྱད་ཞིབ་བྱེད་པའི་སྒང་རེད།
ཏིན་ཞི་གྲོང་ཁྱེར་གྱི་མེན་རྫོང་ནི་ཐེངས་འདིའི་ས་འགུལ་ཁྲོད་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ས་ཁུལ་ཡིན་པ་དང་། གནོད་འཚེ་བྱུང་རྗེས། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག མེ་གསོད་དཔོན་དམག་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་གནོད་ཐེབས་ས་ཁུལ་ལ་འབྱོར་ཏེ་བཤིག་རོའི་འོག་མནན་པའི་རྨས་མ་སྐྱོབ་ཅི་ཐུབ་བྱེད་ཀྱིན་ཡོད་པ་དང་། ཀན་སུའུ་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་བཅས་ཀྱི་ལས་བྱེད་པ་སྟོང་གཅིག་ལྷག་ཀྱང་རྨས་མ་སྐྱོབ་པ་དང་གནོད་འཚེ་སེལ་བའི་ལས་ལ་ཞུགས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10