ཡུས་ཀྲིན་ཧྲིན་གྱིས་འཐབ་ཕྱོགས་གཅིག་གྱུར་གྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-07-24

ཡུས་ཀྲིན་ཧྲིན་གྱིས་འཐབ་ཕྱོགས་གཅིག་གྱུར་གྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་
 

 སྤྱི་ཟླ7པའི་ཚེས22ཉིན། འཐབ་ཕྱོགས་གཅིག་གྱུར་གྱིས་གཏིང་ཟབ་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་གལ་ཆེན་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཐབ་ཕྱོགས་གཅིག་གྱུར་གྱིས་གཏིང་ཟབ་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་སྤྱི་ཟླ7པའི་ཚེས22ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་ན་ངེས་པར་དུ་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གཏམ་བཤད་གལ་ཆེན་རབ་དང་རིམ་པ་བརྗོད་དོན་གཙོ་བོར་བཟུང་ནས་སློབ་སྦྱོང་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་པ་དེ་གཞི་འཛིན་ས་གཙོ་བོ་དང་རྐང་འཛུགས་ས་གལ་ཆེན་དུ་བརྩིས་ན་ད་གཟོད་སྔར་ལས་གཏིང་ཟབ་པ་དང་གོ་སླ་བ། རང་འགུལ་བཅས་ཀྱི་སྒོ་ནས་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་ཐུབ་ཟེར།  

  ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། རང་ལུགས་གང་ཞིག་རྒྱུན་འཁྱོངས་བྱེད་པ་དང་བགྲོད་ལམ་གང་ཞིག་ཏུ་འགྲོ་རྒྱུ་ནི་ལོ་རྒྱུས་དང་མི་དམངས་ཀྱི་གདམ་གསེས་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཏང་དང་མི་དམངས་ཀྱིས་ལོ་ངོ་དགུ་བཅུའི་རིང་ལ་དཀའ་སྤྱད་འབད་བརྩོན་དང་གསར་གཏོད་བརྩོན་ལེན་བྱས་པའི་གྲུབ་འབྲས་ཡིན་ལ། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་ངོ་སུམ་ཅུའི་ལག་ལེན་གྱི་ཚན་རིག་སྤྱི་བསྡོམས་ཡིན་པར་མ་ཟད། ཀྲུང་གོའི་སྟོབས་ཤུགས་ཕྱོགས་གཅིག་ཏུ་སྒྲིལ་བའི་རླབས་ཆེན་གྱི་དར་ཆ་ཡིན་པས་དེ་ནི་ཆེས་གཅེས་སྤྲས་བྱེད་འོས་པ་དང་རྒྱུན་འཁྱོངས་འཕེལ་རྒྱས་སུ་གཏོང་དགོས་པའི་རྒྱུ་ནོར་རྩ་ཆེན་ཡིན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་དེ་གཞི་རྩའི་ལམ་ཕྱོགས་འདི་དང་འབྲལ་མི་རུང་ཟེར།

  ཁྲིན་ཁྲང་ཀྲི། ཡན་ཅོན་ཆིས། ཝན་ཨིག་ཞང་། ཀྲང་པོ་ཝུན་སོགས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ས་གནས་སྲིད་གཞུང་གི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ཀྱི་ལས་འགན་ཁུར་བའི་ཏང་ཕྱིའི་ལས་བྱེད་པ་བཅས་འཛིན་གྲྭ་མགོ་རྩོམ་པའི་མཛད་སྒོར་ཞུགས། འཛིན་གྲྭ་མགོ་རྩོམ་པའི་མཛད་སྒོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལིན་ཅི་ཧྭ་ཡིས་མགོ་འཛིན་བྱས།  །


 

  • ལེ་ཚན་སྔོན་མ།:ཀན་སུའུ་ཞིང་ཆེན་གྱི་མེན་རྫོང་དང་ཀྲང་རྫོང་གཉིས་ཀྱི་འབྲེལ་མཚམས་སུ་བྱུང་བའི་ས་འགུལ་ལས་མི་འབུམ་གཅིག་དང་ཁ
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་བྱིས་པ20པེ་ཅིན་དུ་ལྷན་སྐྱེས་སྙིང་ནད་སྨན་བཅོས་བྱེད་པར་བསྐྱོད་པ།
  • དོ་སྣང་ཆེ་བའི་རྩོམ།