ཞིན་ཅང་ཝུའུ་སུའུ་ཡིས་ཚོང་འགུག་དངུལ་འདྲེན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བྱས།

        2013-07-10

 ཉེ་བའི་ལོ་ཤས་རིང་། ཞིན་ཅང་ཐན་ཧྲན་རི་བོ་བྱང་རྒྱུད་ཀྱི་དཔལ་འབྱོར་ས་ཁུལ་ལ་ཆགས་པའི་ཝུའུ་སུའུ་གྲོང་ཁྱེར་གྱིས་བཟོ་ལས་གླིང་ཁུལ་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་སྟེ་ཤུགས་ཆེན་པོས་ཚོང་འགུག་དངུལ་འདྲེན་བྱེད་པ་དང་ཐོན་ལས་སྤོ་བསྒྱུར་བྱེད་པ་ཤུགས་ཆེན་སྤེལ་བ། 2012ལོར། ཝུའུ་སུའུ་གྲོང་ཁྱེར་གྱིས་ཚོང་འགུག་དངུལ་འདྲེན་བྱས་པའི་མ་དངུལ་སྒོར་དུང་ཕྱུར34.14ལ་འབྱོར། བཟོ་ལས་ཁེ་ལས་འཕེལ་རྒྱས་བྱུང་བས་ཝུའུ་སུའུ་གྲོང་ཁྱེར་གྱི་དཔལ་འབྱོར་འཕར་སྣོན་ལ་རམ་འདེགས་བྱས་ཡོད། 2012ལོར། ཝུའུ་སུའུ་གྲོང་ཁྱེར་ཡོངས་སུ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར124.1མངོན་འགྱུར་བྱུང་བས། ན་ལོའི་དུས་མཉམ་ལས་བརྒྱ་ཆ24.3འཕར་བ། བཟོ་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར53གྲུབ་པས། བརྒྱ་ཆ25.4འཕར་བ་རེད།
  • ལེ་ཚན་སྔོན་མ།:ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཅིའུ་ཅིང་ཧྲན་དུ་གནམ་གྲུ་ལྷུང་བའི་དོན་རྐྱེན་ཁྲོད་ཀྱི་ཀྲུང་གོའི་སྤྱི་དམ
  • ལེ་ཚན་རྗེས་མ།: ཀོང་ཞི་ལིན་ཀུའེ་རྫོང་གི་གསོ་སྤེལ་སྤྱི་གཉེར་ཁང་གིས་མཉམ་ལས་བྱེད་མཁན་ཞིང་དུད་ཕྱུག་འགྱུར་གྱི་ལམ་དུ་ཁྲིད
  • དོ་སྣང་ཆེ་བའི་རྩོམ།