ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ་རྩིས་ཞིབ་རྗེས་ཀྱི་དག་ཐེར་ལེགས་སྒྲིག་བྱ་བ་བཀོད་སྒྲིག་བྱས།

བཀྲ་ཤིས་འབུམ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-07-05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས3ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རྩིས་ཞིབ་རྗེས་ཀྱི་དག་ཐེར་ལེགས་སྒྲིག་བྱ་བ་བཀོད་སྒྲིག་བྱས་ཤིང་། ནོར་སྲིད་གསོག་ཚད་མ་དངུལ་བཀོལ་སྤྱོད་བཟང་བོ་བྱེད་པར་ཞིབ་འཇུག་བྱས་པ་དང་། «ཀྲུང་གོ་ཧྲང་ཧེ་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱི་སྤྱིའི་གྲོས་གཞི»དང«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཕྱི་རྒྱལ་པ་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་དོ་དམ་སྲོལ་ཡིག་འཆར་ཟིན»ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། མིག་སྔར་རྩིས་ཞིབ་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་རྩིས་ཞིབ་གནས་ཚུལ་གཞན་དག་ཡར་ཞུ་བྱས་པར་མ་ཟད་སྤྱི་ཚོགས་ཡོངས་ལ་རྩིས་ཞིབ་མཇུག་འབྲས་ཁྱབ་བསྒྲགས་བྱས། རྩིས་ཞིབ་ཐད་ནས་རྩད་ཆོད་པའི་གནད་དོན་ལ་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་ཧུར་ཐག་སྒོས་དག་ཐེར་དང་ལེགས་སྒྲིག་བྱེད་པ་དང་། དུས་ཐོག་ཏུ་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ཡོ་བསྲང་བྱེད་དགོས་པར་མ་ཟད། སྔོན་རྩིས་ལག་བསྟར་དོན་ཐོག་ཏུ་འཁྱོལ་མེད་པ་དང་རིམ་པ་བཞིན་མ་དངུལ་གསོག་འཇོག་བྱས་ཡོད་པ་སོགས་ཀྱི་གནད་དོན་ཁ་ཤས་ལ་དམིགས་ཏེ། དགེ་ཐེར་དང་ལེགས་སྒྲིག་བྱེད་པ་གོ་སྐབས་སུ་བཟུང་ནས། ལྐོག་རྔན་བླངས་བའི་གཞུང་དངུལ་ཕྱིར་ལེན་པ་དང་། ལྷག་པར་དུ་གསོག་འཇོག་བྱས་པའི་ནོར་སྲིད་མ་དངུལ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ཚད་ཡོད་པའི་མ་དངུལ་དེ་འཕར་ཚད་བརྟན་འཇགས་དང་སྒྲིག་གཞི་ལེགས་སྒྲིག དམངས་འཚོ་ལེགས་བཅོས་བྱེད་པ་སོགས་ཀྱི་ཁྱབ་ཁོངས་སུ་བཀོལ་སྤྱོད་བྱེད་དགོས་ལ། ཁང་རྙིང་སྒྱུར་བཀོད་དང་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ། སྤྱི་བའི་ཞབས་ཕྱིའི་ལས་རིགས། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་ལ་མ་དངུལ་གང་མང་གཏོང་བ་དང་མུ་མཐུད་དུ་ནང་མཁོའི་སྦས་ཤུགས་ཇེ་ཆེར་གཏོང་དགོས་ལ། དཔལ་འབྱོར་གྱི་རྣམ་པ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་དགོས་མཁོ་ཡོངས་སུ་སྐོང་དགོས་པར་མ་ཟད། མ་དངུལ་བཀོལ་སྤྱོད་ཀྱི་ཕན་འབྲས་སྔར་ལས་ཇེ་མཐོར་གཏོང་དགོས་ཟེར།

ཚོགས་ཐོག་ནས«ཀྲུང་གོ་ཧྲང་ཧེ་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱི་སྤྱིའི་གྲོས་གཞི»དང«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་པ་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་དོ་དམ་སྲོལ་ཡིག་འཆར་ཟིན»ལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་། 

  • ལེ་ཚན་སྔོན་མ།:ཡོ་རོབ་གླིང་མནའ་འབྲེལ་གྱིས་ན་གཞོན་གྱི་ལས་ཤོར་གནད་དོན་ཐག་གཅོད་པའི་ཐད་ནས་པའོ་ལིན་ནས་དམིགས་བསལ་མཐོ་རིམ་
  • ལེ་ཚན་རྗེས་མ།:ཧིན་རྡུ་ཉི་ཞི་ཡཱ་རུ་ཚད་རིམ6དང་གྲངས་ཆུང1གི་ས་འགུལ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།