པེ་ཅིན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་སློབ་གསོ་སྡེ་ཁག་གིས་སློབ་གསོའི་བྱ་བར་ཡང་བསྐྱར་རོགས་སྐྱོར་བྱེད་པའི་འབྲེལ་བ་བཙུགས།

བདེ་སྐྱིད་འཚོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-07-05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས་གཉིས་ཉིན་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ་དྲུག་པའི་ཚེས་ཉི་ཤུའི་ཉིན་པེ་ཅིན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་སློབ་གསོ་སྡེ་ཁག་གིས་ཞིང་ཆེན་སློབ་གསོ་ཐིན་ནས་པེ་ཅིན་དང་མཚོ་སྔོན་རྒྱང་བརྟེན་སློབ་གསོའི་གསོ་སྦྱོང་བྱེད་ས་འཛུགས་སྐྲུན་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། པེ་ཅིན་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ད་ལོར་མཚོ་སྔོན་ཞིང་ཆེན་གྱི་རྒྱང་བརྟེན་སློབ་གསོའི་དགེ་རྒན་གསོ་སྦྱོང་བྱེད་ས་འཛུགས་སྐྲུན་དང་དགེ་རྒན་དྲ་རྒྱ་གསོ་སྦྱོང་དང་སློབ་སྦྱོང་བྱེད་པ། པེ་ཅིན་རོགས་སྐྲུན་ཁྲིད་གཞིའི་ནང་དོན་ཐད་ཀྱི་དགོས་མཁོ། ད་ལོའི་དབྱར་གནང་སྐབས་སུ་སྤེལ་རྒྱུ་ཡིན་པའི་སློབ་གྲྭ་འབྲིང་ཆུང་གི་དབྱིན་ཡིག་དགེ་རྒན་དུས་ཡུན་ཐུང་ཐུང་ནང་དུ་གཅིག་བསྡུས་ཀྱིས་སློབ་སྦྱོང་དང་གསོ་སྦྱོང་སོགས་ཐད་ལ་ཡང་བསྐྱར་རྒྱབ་སྐྱོར་བྱེད་རྒྱུ་རེད།

ཉིས་སྟོང་བཅུ་ལོའི་སྟོན་དུས་ནས་བཟུང་སྟེ། པེ་ཅིན་གྲོང་ཁྱེར་མཚོ་སྔོན་ཞིང་ཆེན་མཐོ་འབྲིང་འཛིན་གྲྭས་སློབ་མ་བསྡུ་མགོ་བརྩམས་པ་དང་། ལོ་རེར་སློབ་མ་བརྒྱད་ཅུ་རེ་བསྡུས་ནས། ལོ་གསུམ་ལ་སློབ་སྦྱོང་བྱེད་དགོས་པ་དང་། འཛིན་གྲྭ་གཉིས་བཙུགས་ནས། འཛིན་གྲྭ་རེར་སློབ་མ་བཞི་ཅུ་རེ་བྱས་ཡོད་པས་བསྟུད་མར་ལོ་གསུམ་ལ་སློབ་མ་བསྡུས། ད་ལྟ་པེ་ཅིན་གྲོང་ཁྱེར་མཐོ་འབྲིང་འཛིན་གྲྭས་བསྡོམས་པས་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དྲུག་གི་མཐོ་འབྲིང་སློབ་མ་ཉིས་བརྒྱ་དང་བཞི་བཅུ་བསྡུས་པ་དང་། པེ་ཅིན་མཚོ་སྔོན་མཐོ་འབྲིང་འཛིན་གྲྭའི་སྐོར་དང་པོའི་སློབ་མ་བརྒྱད་ཅུ་བསྡུས་ཤིོང་། ཉིས་སྟོང་བཅུ་གསུམ་ལོའི་ཟླ་དྲུག་པར་པེ་ཅིན་དགེ་ཐོན་སློབ་གྲྭ་ཆེན་མོའི་ཏ་ཞིན་ཟུར་གཏོགས་སློབ་འབྲིང་ནས་དུས་ལྟར་མཐར་ཕྱིན་ཏེ། ཉིས་སྟོང་བཅུ་གསུམ་ལོའི་མཚོ་སྔོན་གྱི་མཐོ་རྒྱུགས་སུ་ཞུགས། ད་ལོར་པེ་ཅིན་མཚོ་སྔོན་མཐོ་འབྲིང་འཛིན་གྲྭའི་དངོས་གཞིའི་ཚན་ཁག་ཡན་ཆད་དུ་རྒྱུགས་འཕྲོད་ཚད་བརྒྱ་ཆའི་གྱ་གསུམ་ལྷག་ཏུ་བསླེབས་པ་དང་། དངོས་གཞིའི་རིམ་པ་དང་པོར་རྒྱུགས་འཕྲོད་ཚད་བརྒྱ་ཆའི་སུམ་ཅུར་བསླེབས། མཚོ་སྔོན་མི་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ཆེད། པེ་ཅིན་གྲོང་ཁྱེར་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་བསྡུས་ནས“གཙང་གསུམ་འབྱུང་ཡུལ”གྱི་མི་རིགས་སློབ་འབྲིང་ལ་སློབ་ཁང་ཐོག་ཁང་གསུམ་ལས་པར་རྒྱབ་སྐྱོར་བྱེད་ཆེད། སྤྱིའི་མ་དངུལ་སྒོར་མོ་བྱེ་བ་གཉིས་བཏང་ནས། ཟི་ལིང་གྲོང་ཁྱེར་གྱི་མི་རིགས་རྨང་གཞི་སློབ་གསོའི་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས། ད་ལྟ་མ་དངུལ་བྱེ་བ་གཅིག་དོན་ཐོག་ཏུ་འཁྱོལ་བ་དང་། ལས་གཞི་འཛུགས་སྐྲུན་བྱེད་བཞིན་པ་དང་། དེ་མིན་སྒོར་མོ་བྱེ་བ་གཅིག་ད་ལོའི་ཟླ་བཅུ་བར་དོན་ཐོག་ཏུ་འཁྱོལ་ཐུབ། །

  • ལེ་ཚན་སྔོན་མ།: རྒྱལ་ཡོངས་ཀྱི་བརྒྱ་ཆ99.05ཡི་ཐུན་མོང་ནགས་སའི་དབང་ཆ་གཏན་འཁེལ་བྱས།
  • ལེ་ཚན་རྗེས་མ།:སྐབས་གཉིས་པའི་ཧི་མི་ལ་ཡའི་རྒྱལ་ཡོངས་ཀྱི་བྲག་འགོ་འགྲན་བསྡུར་འགོ་བརྩམས།
  • དོ་སྣང་ཆེ་བའི་རྩོམ།