ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་ཞིབ་འཇུག་ཚོགས་པ་དབུ་བརྙེས་པ།

    ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།    2013-07-03

 སྤྱི་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་ཞིབ་འཇུག་ཚོགས་པ་ཁུང་མིན་དུ་དབུ་བརྙེས་པ་དང་སྐལ་བཟང་དོན་གྲུབ་ཞིབ་འཇུག་ཚོགས་པའི་ཚོགས་གཙོར་འདེམས་བསྐོ་གནང་ཡོད་པ་རེད། ཞིབ་འཇུག་ཚོགས་པ་དེ་ནི་རྒྱལ་ནང་གི་སེམས་ཀྱི་ཉི་ཟླའི་དམངས་ཁྲོད་ཚོགས་པའི་ཞིབ་འཇུག་ལས་ཁུངས་ཐོག་མ་ཡིན་པ་དང་མིག་སྔར་ཚོགས་མི་ཉིས་བརྒྱ་ཞེ་བཞི་ཡོད།
 ཞིབ་འཇུག་ཚོགས་པ་དབུ་བརྙེས་པ་དེས་སེམས་ཀྱི་ཉི་ཟླའི་སྲོལ་རྒྱུན་ཀྱི་རིག་གནས་ལ་རྒྱུན་འཛིན་དང་སེམས་ཀྱི་ཉི་ཟླ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས། སྐྱེས་ཁམས་འཛུགས་སྐྲུན་བཅས་རྒྱུན་མཐུད་ནས་འཕེལ་རྒྱས་ཡོང་རྒྱུ་དང་སེམས་ཀྱི་ཉི་ཟླའི་རིག་གནས་གོང་དུ་སྤེལ་བར་དོན་སྙིང་གལ་ཆེན་ལྡན།
  • ལེ་ཚན་སྔོན་མ།:ད་ལོར་བོད་ལྗོངས་ཀྱིས་སྲིད་འཛིན་སྡེ་བ་སྟོང་གསུམ་ལ་ཞིང་སྡེའི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུ་ས་ཚིགས་འཛུགས་ར
  • ལེ་ཚན་རྗེས་མ།:ཞིན་ཅང་ཧྲན་ཧྲན་རྫོང་དུ་བྱུང་བའི་དྲག་ཤུགས་འཇིགས་སྐུལ་བའི་འཇབ་རྒོལ་གྱོད་གཞི་རྩད་ཆོད་པ།
  • དོ་སྣང་ཆེ་བའི་རྩོམ།