ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-06-27
《གསེར་ཟངས་ལྷ་སྐུ》ཡི་ཐུན་མིན་སྦྲག་རྟགས།
ཉེ་ལམ། ཀྲུང་གོའི་སྦྲག་སྲིད་ཀྱིས《གསེར་ཟངས་ལྷ་སྐུ》ཡི་ཐུན་མིན་སྦྲག་རྟགས་འགྲེམ་སྤེལ་བྱས་ཤིང་། སྦྲག་རྟགས་ཆ་ཚང་དུ་སྣ་དྲུག་དང་ཆུང་ཤོས་ལ་སྣ་གཅིག་ཡོད་པ་དང་། སྤྱིའི་རིན་སྒོར12.80ཡིན།
《གསེར་ཟངས་ལྷ་སྐུ》ཡི་ཐུན་མིན་སྦྲག་རྟགས་ཆུང་ཤོས།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་འགྲེམ་སྤེལ་བྱས་པའི《གསེར་ཟངས་ལྷ་སྐུ》ཡི་ཐུན་མིན་སྦྲག་རྟགས་སྣ་དྲུག་གི་རྒྱུ་ཆ་ནི་ཞི་ཨན་བཤམས་སྟོན་ཁང་དང་། ཀྲུང་གོའི་རྒྱལ་ཁབ་བཤམས་སྟོན་ཁང་། གནའ་བོའི་པོ་བྲང་བཤམས་སྟོན་ཁང་། རྒྱལ་སའི་བཤམས་སྟོན་ཁང་། སུའུ་ཀྲིག་བཤམས་སྟོན་ཁང་སོགས་སུ་ཉར་བའི་གསེར་ཟངས་ལྷ་སྐུ6ཡིན་ཞིང་། སོ་སོ་ནི་སངས་རྒྱས་ཤཱཀྱ་མུ་ནེ་དང་། ཚེ་དཔག་མེད། སའི་སྙིང་བོ། འཕགས་པ་ཀུན་ཏུ་བཟང་བོ། འཇམས་པའི་དབྱངས། སྤྱན་རས་གཟིགས་བཅས་དང་། ཆུང་ཤོས་སྣ་གཅིག་པུ་ནི“ནུབ་ཕྱོགས་བདེ་བ་ཅན་གྱི་མགོན་པོ་རྣམ་གསུམ”(འོད་དཔག་མེད་དང་། སྤྱན་རས་གཟིགས། གསང་བདག་ཕྱག་ན་རྡོ་རྗེ)ཡིན་ལ། རང་རྒྱལ་ནང་བསྟན་གྱི་ཆེས་མཚོན་བྱེད་རང་བཞིན་ལྡན་པའི་ལྷ་སྐུ་འདུས་པ་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10