ཞང་ཞུང་རིག་གནས་གནས་སྐོར་དུས་ཆེན་སྐབས་བརྒྱད་པ་ཟླ་བརྒྱད་པར་འཚོགས་ངེས།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-06-27

རྒྱུས་ལོན་བྱུང་བ་ལྟར་ན་མངའ་རིས་ས་ཁུལ་གྱི་ཞང་ཞུང་རིག་གནས་གནས་སྐོར་དུས་ཆེན་སྐབས་བརྒྱད་པ་དེ་ཟླ8པའི་ཚེས3ཉིན་ནས་ཚེས8ཉིན་བར་སེང་གེ་ཁ་འབབ་གྲོང་རྡལ་དུ་བསྡུ་རྒྱུ་རེད།
  མངའ་རིས་ས་ཁུལ་གྱི་ཞང་ཞུང་རིག་གནས་གནས་སྐོར་དུས་ཆེན་སྟེང་འགོ་རྩོམ་མཛད་སྒོ་དང་། ཞང་ཞུང་རིག་གནས་བརྗོད་གཞིར་བྱས་པའི་གྲོས་ཞིབ་ཚོགས་འདུ། གནས་སྐོར་དྲན་རྟེན་ལེགས་སྐྱེས་དང་པར་རིས་བརྩམས་ཆོས་འགྲེམ་སྟོན། རིག་རྩལ་འཁྲབ་སྟོན། གནས་རི་ལ་བསྐོར་བ་བྱེད་པ་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་རེད།
  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ་གསུང་བཤད་
  • ལེ་ཚན་རྗེས་མ།:ཀྲུང་གོའི་སྦྲག་སྲིད་ཀྱིས《གསེར་ཟངས་ལྷ་སྐུ》ཡི་ཐུན་མིན་སྦྲག་རྟགས་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།