ལྷ་གྲུ་ཨང་རྟགས་བཅུ་པའི་འཕུར་གྲུ་ས་ངོས་ལ་ལོག་པ།

        2013-06-27

ཟླ་བ6པའི་ཚེས26ཉིན། ལྷ་གྲུ་ཨང་རྟགས་བཅུ་པའི་མི་སྡོད་འཕུར་གྲུའི་ཚུར་ལོག་གྲུ་ཁ་ཉིད་ནང་སོག་གི་འཕུར་གྲུ་བབ་སར་བདེ་བླག་ངང་བབས་ཡོད།འཇིག་རྟེན་འཕུར་སྐྱོད་པ3གྱི་ལུས་ཁམས་བདེ་ཐང་ཡིན་པ་རེད། ཕོ་བྲང་ཨང་རྟགས་དང་པོ་དང་ལྷ་གྲུ་ཨང་རྟགས་བཅུ་པའི་མི་སྡོད་འཕུར་གྲུ་གཉིས་མཐུད་སྦྱོར་བྱེད་པའི་ལས་འགན་ལེགས་འགྲུབ་བྱུང་ཡོད།    འཕུར་གྲུ་བབ་སར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་བློ་མཐུན་ཀྲང་ཀའོ་ལིན་གྱིས་ལས་འགན་ལེགས་འགྲུབ་བྱུང་ནས་ས་ངོས་ལ་ལོག་པའི་ལྷ་གྲུ་ཨང་རྟགས་བཅུ་པའི་འཇིག་རྟེན་འཕུར་སྐྱོད་པ་གསུམ་ལ་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུའི་ཚབ་མཛད་ནས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ཀློག་པ་རེད།
  • ལེ་ཚན་སྔོན་མ།:བོང་སྟག་ཕུན་ཚོགས་ཀྱི་བརྩམས་ཆོས་པར་བསྐྲུན་གྱི་བགྲོ་གླེང་ཚོགས་འདུ་བསྡུས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ་གསུང་བཤད་
  • དོ་སྣང་ཆེ་བའི་རྩོམ།