ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-06-17
ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་བ།
ཟླ6པའི་ཚེས10ཉིན། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་བའི2013ལོའི་ཟི་ལིང་ས་ཁུལ་སྐབས་ཉེར་བདུན་པའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཟི་ལིང་ལྷོ་རིའི་གླིང་ཀར་བདེ་བླག་ངང་སྤེལ་ཞིང་། འདི་ཡང་སྔར་ལོ་དག་དང་མཚུངས་པར་ཟི་ལིང་ས་ཁུལ་གྱི་བོད་རིགས་མང་ཚོགས་ལས་གཞན་ད་དུང་ཁུལ་དང་རྫོང་གཞན་དག་གི་བོད་རིགས་མང་ཚོགས་ཀྱང་ཞུགས་ཡོད་པ་རེད།
ཐེངས་འདིའི་བྱ་འགུལ་དུ་རིག་རྩལ་འཁྲབ་སྟོན་དང་། བོད་ཀྱི་དམངས་ཁྲོད་འགྱིག་རྩལ་འགྲན་བསྡུར། བོད་ཀྱི་བཟའ་བཏུང་རིག་གནས། བློ་བཟང་ཚན་རྩལ་གྲུབ་འབྲས་འགྲེམ་སྟོན། བོད་ཀྱི་མཛེས་རིས་འགྲེམ་སྟོན། བོད་ཀྱི་གྱོན་ཆས་འཁྲབ་སྟོན་སོགས་ཕུན་སུམ་ཚོགས་པའི་འཁྲབ་སྟོན་དག་གིས་རྒྱ་ཆེ་བའི་གཟིགས་མོ་བ་ཀུན་གྱི་དང་བ་རབ་ཏུ་བཀུག
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10