ཕག་གྲུབ་ཀྱིས་བསྒྱུར། རྔ་བ་གསར་འགྱུར་དྲ་བ། 2013-08-02
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་དུ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་བརྟན་བརླིང་ངང་འཕར་སྣོན་བྱུང་ཞིང་། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སྒོས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར11908མངོན་དུ་བསྒྱུར་བ་དང་། དུས་མཉམ་ལས་སྒོར1048ཇེ་མང་དུ་སོང་བས། འཕར་སྣོན་བྱུང་ཚད་ཁུལ་ཡོངས་ཀྱི་ཨང་བཞི་བར་གནས་ཡོད། དེའི་ཁྲོད་གླ་ཕོགས་ཅན་གྱི་ཡོང་འབབ་སྒོར12228དང་ཚོང་གཉེར་ཅན་གྱི་ཡོང་འབབ་སྒོར472། སྤོ་སྒྱུར་ཅན་གྱི་ཡོང་འབབ་སྒོར956། རྒྱུ་ནོར་ཅན་གྱི་ཡོང་འབབ་སྒོར9བཅས་ཡིན་ལ། རོང་འབྲོག་པའི་མི་རེའི་ཆ་སྙོམས་སྒོའི་ལག་དངུལ་ཡོང་འབབ་སྒོར3144མངོན་དུ་བསྒྱུར་ཞིང་། དུས་མཉམ་ལས་སྒོར464ཇེ་མང་དུ་སོང་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10