ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-08-07
སློབ་གསོ་པུའི་ཕྱིར་སྡོད་སློབ་མའི་ཞབས་ཞུའི་ལྟེ་གནད་ཀྱི་ཀྲུའུ་རེན་གཞོན་པ་གུང་དབན་གྱིས་དབྱེ་ཞིབ་གནང་སྟེ། སྣང་ཚུལ་དེ་ཐོན་པའི་རྒྱུ་རྐྱེན་ནི། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཆུ་ཚད་ངེས་གཏན་ཐོག་སླེབས་པའི་རྐྱེན་གྱིས་ཡིན་ལ། དེ་དང་ཆབས་ཅིག་ཤེས་ལྡན་མི་སྣ་རྒྱལ་སྤྱི་ཅན་དང་། དཔལ་འབྱོར་འཛམ་གླིང་ཅན་གྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས་རེད་ཅེས་གསུངས་ཡོད་པ་རེད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རྒྱལ་གྱི་ཕྱིར་སྡོད་སློབ་མ་རྒྱལ་ནང་དུ་ཕྱིར་ལོག་བྱེད་ཚད་མི་འབོར་ས་ཡ1.912ཟིན་པ་དང་། ཕྱིར་སྡོད་སློབ་མ72.38%ཀྱིས་སློབ་གྲྭ་མཐར་ཕྱིན་རྗེས་རྒྱལ་ནང་དུ་ལས་ཀ་བྱེད་པར་ཡོང་གི་ཡོད། སྤྱི་ལོ2012ལོའི་ཕྱིར་སྡོད་སློབ་མ་རྒྱལ་ནང་དུ་ཕྱིར་ལོག་བྱེད་ཚད་སྤྱི་ལོ2011ལོ་དང་བསྡུར་ཚེ་མི་གྲངས86700ཡིས་མང་ཡོད་པ་དང་། 46.57%འཕར་ཡོད་པ་རེད།
ཡིན་ནའང་། མ་གཞི་རང་རྒྱལ་འདི་ཉིད་རིག་སྟོབས་ཕྱིར་ལོག་བྱེད་པའི་དུས་སུ་སླེབས་ཡོད་ནའང་། བང་རིམ་མཐོ་བའི་ཤེས་ལྡན་མི་སྣ་རྒྱལ་ནང་དུ་ཕྱིར་ལོག་བྱེད་ཚད་སྔར་བཞིན་ཚད་གཞི་ཅུང་དམའ་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10