ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-07-01
བོད་ལྗོངས་ཀྱི་བག་ཆགས་ཞེས་པའི་པར་འགྲེམ་ཨ་རིའི་ཉིག་ཡོ་
རུ་སྤེལ་བ།(པར་རིས་ཡོང་ཁུངས། ཞིན་ཧྭ་དྲ་བ)
ཟླ6པའི་ཚེས26ཉིན། བོད་ལྗོངས་ཀྱི་བག་ཆགས་ཞེས་པའི་པར་རིས་འགྲེམ་སྟོན་ཨ་རིའི་ཉིག་ཡོ་རུ་སྤེལ་ཞིང་། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཆོས་ལུགས། དེ་མིན་བོད་ཀྱི་མཛེས་ལྗོངས་དང་དམངས་འཚོའི་པར་རིས60ལྷག་འགྲེམ་སྟོན་བྱས།
པར་འགྲེམ་འདི་ནི་ཀྲུང་གོར་བཅའ་སྡོད་ཉིག་ཡོ་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་དང་ཀྲུང་ཧྭའི་ཕྱི་རྒྱལ་མཐུན་འབྲེལ་ཚོགས་པ། ཉིག་ཡོ་ཀྲུང་གོའི་ཞི་བདེ་གཅིག་འགྱུར་སྐུལ་སྤེལ་ཚོགས་པ། བྱང་ཨ་རིའི་བོད་རིགས་ཡུལ་ཕྱོགས་ཚོགས་པ་སོགས་ཀྱིས་མཉམ་དུ་སྒྲུབ་ཅིང་། ཀྲུང་གོའི་དེང་རབས་པར་ལེན་པ་དང་པར་ལེན་ལ་མོས་མཁན་དག་གི་པར་ལེན་བརྩམས་ཆོས་ཕྱོགས་གཅིག་ཏུ་བསྡུས་པ་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10