རྒྱལ་རོང་བོད་དམངས་ཀྱིས་བོད་ཀྱི་དམངས་གླུ་རྒྱུན་འཛིན་བྱེད་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-07-01

རྒྱལ་རོང་བོད་དམངས་ཀྱིས་བོད་ཀྱི་དམངས་གླུ་རྒྱུན་འཛིན་བྱེད་པ།
འཁྲབ་སྟོན་པ་རྣམས་ཀྱིས་སྐོར་བྲོ་འཁྲབ་བཞིན་པ།


 

  སྐབས་བཞི་པའི་རྒྱལ་སྤྱིའི་གཟུགས་འདས་ཤུལ་བཞག་རིག་གནས་དུས་ཆེན་གྱི་སྐབས་སུ། སི་ཁྲོན་རྔ་བ་ཁུལ་གྱི་ཧ་ཉུང་ཡུལ་ཚོའི་རོང་འབྲོག་མང་ཚོགས་ཀྱིས་སྐོར་བྲོ་འཁྲབ་བཞིན་རྒྱལ་རོང་ཡུལ་གྱི་བོད་ཀྱི་དམངས་གླུ་བླངས་ནས། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་རྣམས་ལ་རྔ་བའི་རྩྭ་ཐང་གི་ཁྱད་དུ་འཕགས་པའི་མི་རིགས་རིག་གནས་ཀྱི་གཟི་དཔལ་ཉམས་སུ་མྱོང་དུ་བཅུག
  བཙན་ལྷ་རྫོང་ནས་ཡོང་བའི་རོང་འབྲོག་མང་ཚོགས་མི100ཡིས་གྲུབ་པའི་རྒྱལ་རོང་གི་དབྱངས་སྙན་ཞེས་པའི་འཁྲབ་སྟོན་རུ་ཁག་གིས་འཚོ་བ་དང་། མི་རིགས་ཀྱི་ཞབས་བྲོ། རྒྱལ་རོང་དམངས་གླུ། སྨོན་ལམ་འདེབས་པ་བཅས་ཁག་བཞི་རུ་བགོས་ནས་འཁྲབ་སྟོན་ཕུན་སུམ་ཚོགས་པ་བྱས་པ་རེད།

  • ལེ་ཚན་སྔོན་མ།:ཧྥ་རན་སིའི་ཙུང་ཐུང་གིས་གྲོས་མོལ་ལ་བརྟེན་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་ཉོ་ཚོང་རྩོད་གླེང་ཐག་གཅོད་བྱེད་ད
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་བག་ཆགས་ཞེས་པའི་པར་འགྲེམ་ཨ་རིའི་ཉིག་ཡོ་རུ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།