མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས༼ གསེར་ཆེན་དཔང་བསྟོད་ཆེན་མོ ༽ཞེས་པ་གཟབ་རྒྱས་ངང་བསྡུས།

བསམ་འཕེལ་ནོར་བུ།    ཀྲུང་གོ་བོད་ཀྱི་དྲ་བ།    2013-06-14

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས༼ གསེར་ཆེན་དཔང་བསྟོད་ཆ

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ཁྲི་ཤོར་རྒྱལ་མོའི་རླབས་རྩེ་ན་འཕྱོ་ཞིང་། རི་གསེར་ཆེན་སྒང་གི་དཔང་པ་རུ་རྩེན་པའི། མཚོ་ཉིན་ལུང་བོད་པའི་སྤྲོ་སྟོན་དེ་ཤོམ་ཨང་།

    ཟླ6པའི་ཚེས11ཉིན་གྱི་སྔ་དྲོར། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

    ཐེངས་འདིའི་སྤྲོ་ཚོགས་སྟེང་རྡུང་ལེན་མཁན་པོར་འབོད་པའི་རྒན་དཔལ་མགོན་དང་། སྨན་བླ་སྐྱབས། གླུ་མ་རིག་འཛིན་སྒྲོལ་མ། གཡང་ཕྱུག་འཚོ། སྒྲོལ་མ་སྐྱབས་སོགས་བོད་ཁམས་སུ་སྙན་གྲགས་ཆེ་བའི་གླུ་བ་གླུ་མ་སྐོར་ཞིག་གདན་འདྲེན་ཞུས་ཡོད་པ་མ་ཟད།  ས་གནས་མང་ཚོགས་ཁྲོད་ཀྱི་སྲོལ་རྒྱུན་རིག་རྩལ་ཡང་གར་སྟེགས་སུ་འཁྲབ་སྟོན་བྱས་པས་སྤྲོ་ཚོགས་ཀྱི་རྣམ་པ་རྒྱ་ཆེ་ཞིང་ནང་དོན་ཕུམ་སུམ་ཚོགས་པ་དང་།

    

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས༼ གསེར་ཆེན་དཔང་བསྟོད་ཆ

རྒྱ་ཆེ་བའི་ལྟད་མོ་བ་རྣམས་ཀྱིས་དགའ་བསུའི་་ཆེན་པོ་ཐོབ།

《བོད་ཡུལ་དུ་བསྐྱོད་པ》ཞེས་པ་ནི་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱིས་བསྒྲུབས་པའི་སྤྱི་ཕན་རང་བཞིན་གྱི་འཁྲབ་སྟོན་བྱ་འགུལ་ཆེན་པོ་ཞིག་དང་། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གཞི་རིམ་དུ་བསྐྱོད་དེ་རྒྱ་ཆེའི་ཉན་མཁན་དང་ལྟ་མཁན་རྣམས་དང་གཅིག་སེམས་གཅིག་ཏུ་སྦྲེལ་བའི་སྤྲོ་ཚོགས་ཆེན་པོ་ཞིག་ཡིན་པར་མ་ཟད། རིག་རྩལ་འཁྲབ་སྟོན་གྱི་རྣམ་པའི་སྟེང་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་བློའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བོད་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བ། ས་ཕྱོགས་སོ་སོའི་ཡུལ་སྲོལ་གོམས་འགྲོས་དང་དམངས་ཁྲོད་ཀྱི་ཕུལ་བྱུང་རིག་གནས་སྔོག་འདོན་བྱེད་པ་བཅས་ནི“བོད་ཡུལ་དུ་བསྐྱོད་པའི”བྱ་འགུལ་གྱིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་རྩ་དོན་དང་དམིགས་ཡུལ་ཡིན།

2003ལོར། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་བྱེད་པ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དེ་རང་གི་འགན་འཁྲི་རུ་བརྩིས་ཏེ། ལོ་དེ་ནས་བཟུང་བོད་ཡུལ་དུ་བསྐྱོད་པའི་ལོ་རྒྱུས་བརྒྱུད་རིམ་དུ་ཞུགས། ད་ལྟའི་བར་དུ། སྔ་གཞུག་ཏུ་ཐུན་རིན་རྫོང་དང་ཁྲི་ཀ་རྫོང་། ཆི་ལེན་རྫོང་། གུང་ཧོ་རྫོང་། ཀན་སུའུ་ཞིང་ཆེན་གྱི་རྨ་ཆུ་རྫོང་སོགས་དང་མཉམ་འབྲེལ་བྱས་ནས《བོད་ཡུལ་དུ་བསྐྱོད་པ——གངས་ལྗོངས་མཆོད་བསྟོད་ཆེན་མོ》དང་། 《བོད་ཡུལ་དུ་བསྐྱོད་པ——རྨ་ཁུགས་དང་པོའི་ལྷན་འཛོམས།》 《བོད་ཡུལ་དུ་བསྐྱོད་པ——རེབ་གོང་གསེར་མོ་ལྗོངས།》 《བོད་ཡུལ་དུ་བསྐྱོད་པ——རྨ་ཡུལ་ཁྲི་ཀའི་དཔྱིད་གསར》 《བོད་ཡུལ་དུ་བསྐྱོད་པ——རྟེན་འབྱུང་མདོ་ལ་རིང་མོ》སོགས་སྤྱི་ཕན་རང་བཞིན་གྱི་འཁྲབ་སྟོན་བྱ་འགུལ་ཆེན་པོ་སྤེལ། །

  • ལེ་ཚན་སྔོན་མ།:ཀྲུང་ཨ་གཉིས་ཀྱི་འགོ་གཙོ་ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་ཨའོ་པ་མ་རྣམ་གཉིས་མཇལ་འཕྲད་གནང་འགོ་ཚུགས།
  • ལེ་ཚན་རྗེས་མ།:བོད་ལྗོངས་མ་ཕམ་གཡུ་མཚོའི་འདམ་ར་སྲུང་སྐྱོང་དང་བསྐྱར་བཟོའི་ལས་གྲྭ་རྩ་བའི་ཆ་གནས་མཇུག་སྒྲིལ་བ།
  • དོ་སྣང་ཆེ་བའི་རྩོམ།