རང་རྒྱལ་གྱིས་ངལ་རྩོལ་པ་ལས་ཞུགས་གང་ལེགས་བྱེད་པར་སྐུལ་འདེད་ཧུར་ཐག་བྱས།

(མིག་དམར་གྱིས་བསྒྱུར།)        2013-06-06

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ5པའི་ཚེས14ཉིན་འབྱོར་བའི་གཏམ་གསར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གིས་གོང་ཚེས་ཉིན《2012ལོའི་ཀྲུང་གོའི་མིའི་ཐོབ་ཐང་བྱ་གཞག་འཕེལ་ཚད》ཀྱི་རྒྱབ་ཤ་དཀར་པོའི་དེབ་སྤེལ་བ། རྒྱབ་ཤ་དཀར་པོའི་དེབ་ནང་བཤད་རྒྱུར། རང་རྒྱལ་གྱིས་ངལ་རྩོལ་པ་ལས་ཞུགས་གང་ལེགས་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཡོད།
    རྒྱབ་ཤ་དཀར་པོའི་དེབ་ནང་བཤད་རྒྱུར། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་དང་བརྟན་བརླིང་ངང་འཕར་བས་ལས་ཞུགས་ལ་འགན་སྲུང་བྱ་རྒྱུའི་ཆ་རྐྱེན་མཁོ་འདོན་བྱས་པ་རེད། རྒྱལ་ཁབ་ཀྱིས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་པས་སྤྱི་འབངས་ཀྱི་ལས་ཀའི་དབང་ཆ་ལ་འགན་སྲུང་ཧུར་ཐག་བྱས། 2008ལོ་ནས2012ལོའི་བར། རྒྱལ་ཁབ་ཀྱིས་ཁྱོན་བསྡོམས་ལས་ཞུགས་ཆེད་གཉེར་མ་དངུལ་སྒོར་དུང་ཕྱུར1973བཏང་སྟེ་མཐོ་སློབ་ནས་མཐར་ཕྱིན་པའི་སློབ་མ་ཁྲི2800ལས་ཞུགས་བྱེད་ཐུབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་མི་སྣ830ལས་ཞུགས་བྱེད་ཐུབ་ཡོད། 2012ལོར། དཔལ་འབྱོར་འཕར་ཚད་རིམ་བཞིན་དལ་བའི་གནས་ཚུལ་འོག་ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་གསར་པ་བྱེད་མཁན་མི་ཁྲི1266འཕར་སྣོན་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་ཡང་བསྐྱར་ལས་ཞུགས་བྱེད་མི་ཁྲི552ཡོད་ཅིང་། ལས་ཞུགས་བྱེད་དཀའ་བའི་མི་སྣ་ཁྲི182ལས་ཞུགས་བྱེད་ཐུབ་ཡོད། རྒྱལ་ཡོངས་ཀྱི་ཞིང་པའི་གླ་པ་ཁྱོན་བསྡོམས་མི་ཁྲི26261ཡོད་པས་ན་ལོ་དང་བསྡུར་ན་བརྒྱ་ཆ3.9འཕར། དེའི་ནང་ཕྱིར་གླ་པ་འགྲོ་བའི་ཞིང་པ་མི་ཁྲི16336ཡོད་པས་བརྒྱ་ཆ3.0འཕར་བ། རང་སར་གླ་པ་བྱེད་པའི་ཞིང་པ་མི་ཁྲི9925ཡོད་པས་བརྒྱ་ཆ5.4འཕར་བ། རྒྱལ་ཁབ་ཀྱིས་ཞིང་སྡེའི་མི་ལག་དེ་རང་ས་དང་ཉེ་སར་ལས་ཞུགས་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་སྟེ། གྲོང་གསེབ་ཁྲི8.5ཡིས་སྤྲོ་སྐྱིད་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་བྱེད་སྒོ་སྤེལ་ཏེ་ཞིང་པ་ཁྲི2800ལས་ཞུགས་ལ་ཁྲིད་སྟོན་བྱས་པ་རེད།
    དེ་མིན།རྒྱབ་ཤ་དཀར་པོའི་དེབ་ལ་གཞིགས་ན། 2012ལོར། རང་རྒྱལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་དུ་དབང་པོ་སྐྱོན་ཅན་ཁྲི32.9ལས་ཞུགས་བྱེད་བཅུག་སྟེ་གྲོང་ཁྱེར་དང་གྲོང་རྡལ་དུ་དབང་པོ་སྐྱོན་ཅན་ཁྲི444.8དོན་དངོས་ཐོག་ལས་ཞུགས་བྱས་ཡོད། ཞིང་སྡེའི་དབང་པོ་སྐྱོན་ཅན་ཁྲི1770.3ལས་ཞུགས་བརྟན་པོ་བྱེད་པ་མངོན་འགྱུར་བྱུང་བ་རེད། 
  • ལེ་ཚན་སྔོན་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་ལོ་ཏོག་སོན་བཟང་འདེབས་པར་ཁ་གསབ་མ་དངུལ་མགྱོ གས་སུ་བཏང་།
  • ལེ་ཚན་རྗེས་མ།:མངའ་རིས་ས་ཁུལ་གྱི་འདམ་རའི་སྲུང་སྐྱོང་ལས་གཞིར་དགའ་འོས་པའི་གྲུབ་འབྲས་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།