ཡུས་ཀྲིན་ཧྲིན་གྱིས་ཞིན་ཅང་གི་བྱ་བར་རྟོག་ཞིབ་མཛད་པ།

ཀླུ་འབུམ་བྱམས།    ཞིན་ཧྭ་གསར་འགྱུར་དྲ་བ།    2013-05-30

ཡུས་ཀྲིན་ཧྲིན་གྱིས་ཞིན་ཅང་གི་བྱ་བར་རྟོག་ཞིབ་མཛད་པ།

ཟླ་ལྔ་བའི་ཚེས་ཉེར་གསུམ་ནས་ཚེས་ཉེར་བརྒྱད་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཞིན་ཅང་གི་བྱ་བར་རྟོག་ཞིབ་མཛད། འདི་ནི་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན། ཡུས་ཀྲིན་ཧྲིན་གྱིས་ཧི་ཐེན་གྲོང་ཁྱེར་ཀུའུ་ལི་པ་ཀི་སྲང་ལམ་དོན་གཅོད་ཁང་མཐུན་སྒྲིལ་དབྱི་སི་ལན་ཆོས་ཁང་དུ་ཆོས་ལུགས་མི་སྣར་ཁམས་འདྲི་ཞུ་བའི་ཚུལ་རེད།

 ཡུས་ཀྲིན་ཧྲིན་གྱིས་ཞིན་ཅང་གི་བྱ་བར་རྟོག་ཞིབ་མཛད་པ།
འདི་ནི་ཟླ་ལྔ་བའི་ཚེས་ཉེར་བཞིའི་ཉིན། ཡུས་ཀྲིན་ཧྲིན་གྱིས་ཁ་ཧྲི་གྲོང་ཁྱེར་གྱི་སློབ་ཆུང་བཅོ་བརྒྱད་པའི་སྐད་གཉིས་སློབ་ཁྲིད་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད། 
 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཉེ་ལམ་ཞིན་ཅང་གི་བྱ་བར་རྟོག་ཞིབ་མཛད་སྐབས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཀྲུང་དབྱང་ཞིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སྒོ་ཀུན་ནས་དངོས་འབེབས་བྱེད་པ་དང་། ཀྲུང་དབྱང་གི་ཞིན་ཅང་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། ཞིན་ཅང་བརྟན་འཇགས་དང་དར་རྒྱས་སུ་གཏོང་བའི་བྱ་སྣ་ཚོགས་ལེགས་པོར་བསྒྲུབ་རྒྱུ་དང་། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཁྲོད་དུ་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་ཡར་སྐུལ་བཏང་སྟེ། ཞིན་ཅང་གསར་བའི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བརྟན་འཇགས་བྱ་བ་ལེགས་པོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན། 

ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར། ཡུས་ཀྲིན་ཧྲིན་སྔ་གཞུག་ཏུ་ཧི་ཐེན་དང་ཁ་ཧྲི། དབྱི་ལིས། ཝུའུ་རུའུ་མུའུ་ཆི་སོགས་ས་ཁུལ་གྱི་མི་རིགས་ཞང་གྲོང་དང་། དམག་དཔུང་དང་ཞིང་ར། བཟོ་ལས་ར་བ། རྒྱལ་མཚམས་བཅས་ལ་ཕེབས་ཏེ། བཞུགས་མོལ་ཚོགས་འདུ་ཐེངས་མང་བསྡུས་པདང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་འཕེལ་རྒྱས་དང་བརྟན་འཇགས་ཀྱི་ཇུས་ཆེན་གླེང་།
 

ཡུས་ཀྲིན་ཧྲིན་གྱིས་ཞིན་ཅང་གི་བྱ་བར་རྟོག་ཞིབ་མཛད་པ།

འདི་ནི་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན། ཡུས་ཀྲིན་ཧྲིན་གྱིས་ཧི་ཐེན་གྲོང་ཁྱེར་ཡུས་ལུང་ཁ་ཧྲི་གྲོང་བརྡལ་ཁི་རེ་ཀི་ཨེ་རི་ཁི་སྡེ་ནས་ཡུ་གུར་རིགས་ཀྱི་སྡེ་དམངས་ལ་སྡོད་གནས་དང་འཚོ་བའི་གནས་ཚུལ་རྒྱུས་ལོན་མཛད་པའི་ཚུལ་རེད།

ཡུས་ཀྲིན་ཧྲིན་གྱིས་ཞིན་ཅང་གི་བྱ་བར་རྟོག་ཞིབ་མཛད་པ།
འདི་ནི་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན། ཡུས་ཀྲིན་ཧྲིན་གྱིས་ཧི་ཐེན་རྫོང་དུ་ས་དེའི་བྱེ་མ་འགོག་བཅོས་བཟོ་སྐྲུན་གྱི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་མཛད་པའི་ཚུལ་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཐན་ཙན་ནི་ཡའི་སང་ཅི་པ་ཨར་གྱི་ཙུང་ཐུང་ཞེ་ཨིན་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཀྲང་ཏི་ཅང་གིས་ཝུའུ་ར་ཀོས་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཞི་ཁ་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།