མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-05-30
སྤྱི་ཟླ༥བའི་ཚེས༢༨ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐན་ཙན་ནི་ཡའི་སེང་ཅི་པ་ཨར་གྱི་ཙུང་ཐུང་ཞེ་ཨིན་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ5བའི་ཚེས28ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐན་ཙན་ནི་ཡའི་སེང་ཅི་པ་ཨར་གྱི་ཙུང་ཐུང་ཞེ་ཨིན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་གྱིས་ཞེ་ཨིན་ཀྲུང་གོར་འཚམས་འདྲིར་ཡོང་བ་དང་པེ་ཅིན་ཉོ་ཚོང་བརྗེ་རེས་ཚོགས་འདུ་སྐབས་གཉིས་པ་དང་འཛམ་གླིང་ཞབས་ཕྱིའི་གླེང་སྟེགས་པེ་ཅིན་མཐོ་རིམ་ཚོགས་འདུ་ལ་ཞུགས་པར་དགའ་བསུ་ཞུས། ད་ལོའི་སྤྱི་ཟླ3པར་ང་ཧྥེ་གླིང་དུ་འཚམས་འདྲིར་ཕྱིན་པའི་མྱོང་ཚོར་གཙོ་བོ་ནི། ཧྥེ་གླིང་ནི་རེ་བ་དང་གསོན་ཤུགས་ཀྱིས་ཁེངས་པའི་སྐམ་ས་ཆེན་པོ་ཞིག་ཡིན་པ་དང་། ཧྥེ་གླིང་གི་འཕེལ་རྒྱས་ནི་ཚད་ཐིག་ལེན་དཀའ་བ་ཞིག་རེད། ཀྲུང་གོ་དང་ཧྥེ་གླིང་མི་དམངས་ཀྱི་བར་དུ་བརྩེ་བ་ཟབ་མོ་ཆགས་ཡོད་ལ། ཀྲུང་གོ་དང་ཧྥེ་གླིང་བར་གྱི་མཉམ་ལས་ནི་གནས་བབ་ཀྱི་འཕེལ་ཕྱོགས་དང་ཀུན་གྱི་བསམ་ཕྱོགས་ཡིན་པས། ང་ཚོས་ཧྥེ་གླིང་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་དུ་འཕེལ་རྒྱས་དང་དར་རྒྱས་འབྱུང་བ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཧྥེ་གླིང་བར་གྱི་རྣམ་པ་གསར་བའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རིམ་པ་གསར་བ་ཞིག་ཏུ་བསླེབ་པར་ཡར་སྐུལ་གཏོང་འདོད་ཡོད་ཅེས་བསྟན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10