ཞིང་ཆེན་ཡོངས་ཀྱི“ཐོན་སྐྱེད་བདེ་འཇགས་ཟླ་འཁོར”བྱ་འགུལ་སྤྱི་ཟླ6པ་ནང་སྤེལ་རྒྱུ་རེད།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2013-05-22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཚོགས་གཞུང་སྒྲུབ་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན།  རང་ཞིང་གིས་སྤྱི་ཟླ6པའི་ཚེས1ཉིན་ནས་བཟུང་དུས་ཡུན་ཟླ་གཅིག་རིང་ལ“བདེ་འཇགས་རྨང་གཞིར་ཤུགས་སྣོན་ནས།  ཐོན་སྐྱེད་བདེ་འཇགས་ལ་ཁག་ཐེག་བྱེད་དགོས”ཞེས་བརྗོད་དོན་ཡིན་པའི་ཐོན་སྐྱེད་བདེ་འཇགས་ཟླ་འཁོར་བྱ་འགུལ་སྤེལ་རྒྱུ་རེད།

    ཞིང་ཆེན་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཚོགས་གཞུང་སྒྲུབ་ཁང་གིས་ས་གནས་སོ་སོའི་ལས་ཁུངས་དག་ཧུར་ཐག་སྒོས་ཞིང་ཆེན་ཡོངས་ཀྱི་བྱ་འགུལ་འདིའི་ནང་ཞུགས་དགོས་པའི་དུས་མཚུངས་སུ།  ས་གནས་སོ་སོའི་དོན་དངོས་དང་ཐོན་སྐྱེད་བདེ་འཇགས་ལ་གཞིར་བཟུང་དགོས་པ་དང་།  གཞི་རིམ་དང་ཁེ་ལས་བཅས་ལ་ཁ་ཕྱོགས་ནས་སྐོར་སྐྱོད་སྒྲོག་འབྲེལ་དང་གླུ་གར་འགྲན་བསྡུར།  ཤེས་བྱའི་འགྲན་བསྡུར།  རིག་རྩལ་འཁྲབ་སྟོན་  ཐོན་སྐྱེད་བདེ་འཇགས་གཞི་རིམ་དུ་བསྐྱལ་བ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད།  བདེ་འཇགས་ཕྱོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་།  གཞི་རིམ་གྱི་ཐོན་སྐྱེད་བདེ་འཇགས་བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པའི་བླང་བྱ་བཏོན།  །

  • ལེ་ཚན་སྔོན་མ།:གླུ་བ་ཀུན་དགའི་ཆེད་བསྒྲིགས《སེམས་ནང་གི་གླུ》ལེགས་འགྲུབ་བྱུང་ནས་འགྲེམ་ལ་ཉེ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་ས་ཨར་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།