ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-05-22
གླུ་བ་ཀུན་དགའི་ཆེད་བསྒྲིགས་གསར་བ《སེམས་ནང་གི་གླུ》
ཞེས་པ་ལེགས་འགྲུབ་བྱུང་ནས་འགྲེམ་ལ་ཉེ།
རྒྱུས་ལོན་བྱུང་བ་ལྟར་ན། བོད་ཀྱི་མིང་གྲགས་གླུ་བ་ཀུན་དགའི2013ལོའི་གླུ་གཞས་ཆེད་བསྒྲིགས་གསར་བ《སེམས་ནང་གི་གླུ》ཞེས་པ་མིག་སྔར་ལེགས་འགྲུབ་བྱུང་ཞིང་། ཟླ5བའི་ནང་དངོས་སུ་ཚོང་རར་འགྲེམ་རྒྱུ་ཡིན་པ་རེད།
ཆེད་བསྒྲིགས་བརྙན་འཁོར་འདིའི་ནང་། 《བུ་མོ་ཁྱེད་ལ་སྒུག་པ》ཞེས་པ་དང་། 《རྒྱང་དུ་གྱེས་པའི་ཡ་ཆུང་གི་བུ་མོ》། 《མེ་ཏོག་སྒྲོལ་དཀར》སོགས་གླུ་གཞས་འགའ་འདུས་ཤིང་། དེ་མིན་ཆེད་བསྒྲིགས་འདིའི་ནང་གི་གླུ་གཞས་ལ་ཤས་ཁོ་བོས་སེམས་ཀྱི་ཉི་ཟླ་རྫོང་དུ་འཁྲབ་སྟོན་བྱེད་དུས་བླངས་མྱོང་བས་ན། གླུ་བ་ཀུན་དགའི་གཞས་ལ་མོས་པའི་གྲོགས་པོ་རྣམས་ཀྱིས་ད་ཐེངས་ཀྱི་ཆེད་བསྒྲིགས་གསར་བ་འདི་ལ་ངང་སྒུག་ཆེན་པོ་བྱེད་ཀྱི་འདུག
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10