མཚོ་ལྷོ་མི་རིགས་མཐོ་འབྲིང་གཉིས་པས་སློབ་རའི་གླུ་བ་མཆོག་བཅུ་ཞེས་པའི་འགྲན་བསྡུར་སྤེལ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-05-21

ཉེ་ཆར།སློབ་མ་རྣམས་ཀྱི་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་སྒྱུ་རྩལ་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་དམིགས་ནས་མཚོ་ལྷོ་མི་རིགས་མཐོ་འབྲིང་གཉིས་པས2012ལོ་ནས2013ལོའི་སྒྱུ་རྩལ་དུས་ཆེན་གྱི་སློབ་རའི་གླུ་བའི་རྟིང་རྩོད་འགྲན་བསྡུར་སྤེལ་བ་རེད། ཐེངས་འདིའི་སློབ་རའི་གླུ་བ་བཅུའི་རྟིང་རྩོད་འགྲན་བསྡུར་འདི་ལ་ཐོག་མའི་འགྲན་བསྡུར་སྟེང་མིང་ཐོ་འགོད་པའི་མི12ལས་རེ་རེ་བཞིན་འགྲན་བསྡུར་བྱས་མཐར་སློབ་མ20དཔྱད་འདེམས་བྱས་ཤིང་། སློབ་མ་རྣམས་ཀྱིས་སོ་སོའི་གླུ་གཞས་ཐད་ཀྱི་ནུས་རྩལ་དང་གར་སྟེགས་ཀྱི་ཉམས་འགྱུར་སོགས་མཚོན་པར་བྱས་པ་རེད། 
ཐེངས་འདིའི་འགྲན་བསྡུར་འདི་སློབ་རའི་སྒྱུ་རྩལ་དུས་ཆེན་གྱི་མུ་འབྲེལ་བྱ་འགུལ་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། འདིས་སློབ་མ་རྣམས་ལ་སོ་སོའི་ཁྱད་ཆོས་དང་རང་ཉིད་ཀྱི་འཇོན་ཐང་མཚོན་པར་བྱེད་པའི་སྟེགས་བུ་ཞིག་བསྐྲུན་པའི་ཁར། སློབ་རའི་ཁྱོན་ལ་སྒྱུ་རྩལ་གྱི་མཁའ་དབུགས་སྟུག་པོ་ཞིག་བསྐྲུན་པ་རེད།
  • ལེ་ཚན་སྔོན་མ།:ནུབ་བྱང་མི་རིགས་སློབ་ཆེན་གྱིས་སྐབས་གཉིས་པའི་བོད་ཀྱི་རིག་གནས་དུས་ཆེན་གྱི་མཛད་སྒོ་བསྡུས།
  • ལེ་ཚན་རྗེས་མ།:ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གིས་ཀན་ལྷོའི་སྙན་ངག་པ་དང་འབྲེལ་བའི་གླེང་མོལ་ཚོགས་འདུ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།