2013ལོའི《མི་རིགས་ཀྱི་རྩོམ་རིག》དེབ་གསུམ་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།

ལྡོང་བུ།    མཚོ་སྔོན་པོ་དྲ་བ།    2013-05-16

2013ལོའི《མི་རིགས་ཀྱི་རྩོམ་རིག》དེབ་གསུམ་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།
2013ལོའི《མི་རིགས་ཀྱི་རྩོམ་རིག》དེབ་གསུམ་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།

        ཉེ་ལམ།  2013ལོའི《མི་རིགས་ཀྱི་རྩོམ་རིག》དེབ་གསུམ་པ་པར་བསྐྲུན་འགྲེམ་སྤེལ་བྱས།
        《མི་རིགས་ཀྱི་རྩོམ་རིག》དེབ་གསུམ་པའི་ཁྲོད་བརྩམས་ཆོས་གཙོ་བོ་ནི་དོན་གྲུབ་དང་ཁྱུང་བདག་གཉིས་ཀྱིས་བསྒྱུར་བའི་ཉི་མ་ཕན་ཐོགས་ཀྱི་སྒྲུང་ཐུང《ཤེལ་དཀར་གྲོང་ཚོའི་གཡང་འཛོམས》དང་། ཁོ་མོའི《རང་རང་གིས་སྐད་འདོན་དགོས》ཞེས་པའི་རྩོམ་ཐུང་ཞིག  དེ་མིན་སྙན་ངག་པ་གཅན་མེ་སྟག་གི《རྨ་ཆུ་ནི་སུ་ཞིག་གི་མིག་ཆུ་ཡིན》ཞེས་པ་སོགས་སྙན་ངག་བཞི་དང་། སྐལ་བཟང་བློ་གསལ་གྱིས་བརྩམས་པའི《ཤར་ཙོང་ཁ་པ་ལ་བསྟོད་པ》ཞེས་པ་དང་། གླིང་ཚ་པད་དབང་གི་ལྷུག་རྩོམ《དགེ་སློབ་བར་གྱི་ཤགས་འགྱེད》། ཧྥུ་རནFranསོགས་ཀྱིས་བསྒྱུར་བའི་ཆི་ལིའི་སྙན་ངག་པ་ནེ་རུ་ངྷ་ཡི《ལྔ་པའི་ཆར་རླུང》སོགས་སྙན་ངག་ལྔ་དང་ཁོང་གི《རྫོགས་ལྡན་གྲོང་ལ་ཕྱོགས་པ》ཞེས་པའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་དུས་ཀྱི་གཏམ་བཤད་སོགས་བཀོད་ཡོད་ཅིང་། དེབ་ཀྱི་རྒྱབ་ཤ་ལ་སྔར་བཞིན་ལྷ་ས་རུ་བཞུགས་པའི་སྐྱེས་མ་རི་མོ་བ་བདེ་སྒྲོན་ལགས་ཀྱིས་བྲིས་པའི་རི་མོ་མུ་མཐུད་ནས་བཀོད་ཡོད།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་ལུས་རྩལ་པས་རྒྱལ་ཡོངས་རྟ་རྩལ་འགྲན་སྡུར་སྟེང་གྲུབ་འབྲས་བཟང་པོ་བླངས་པ།
  • ལེ་ཚན་རྗེས་མ།:བོད་རྒྱ་དབྱིན་གསུམ་གྱི《བྲག་དཀར་སྤྲེལ་རྫོང》གི་པར་དེབ་དཔེ་བསྐྲུན་འགྲེམ་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།