མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-05-16
རྟ་པ་སྤེན་པ་ཚེ་རིང་ལགས་ཟླ5པའི་ཚེས2ཉིན་སྤེལ་བའི་རྟ་རྩལ་མཆོང་རྡིང་གི་འཛམ་གླིང་བུམ་པའི་ཀྲུང་གོའི་འགྲན་སྡུར་སྟེང་ཞུགས་པ།
རྒྱལ་ཡོངས་རྟ་རྩལ་འགྲན་སྡུར་གྱི་སྣ་གསུམ་གཟེངས་ཐོན་འགྲན་སྡུར་སྤེལ་བཞིན་པའི་ཡུལ་དངོས།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5པའི་ཚེས10ཉིན་ནས་ཚེས12ཉིན་བར་རྒྱལ་ཡོངས་རྟ་རྩལ་འགྲན་སྡུར་གྱི་སྣ་གསུམ་གཟེངས་ཐོན་འགྲན་སྡུར་རམ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྔོན་འདེམ་འགྲན་སྡུར་ཧྲན་ཏུང་ཅི་ནན་ནས་སྤེལ་བ་རེད། འགྲན་སྡུར་སྟེང་བོད་ལྗོངས་ཀྱི་ལུས་རྩལ་བ་སྤེན་པ་ཚེ་རིང་ལགས་ཀྱིས་མི་སྒེར་གྱི་འགྲན་སྡུར་བྱ་དགའ་ཨང་དང་པོ་བླངས་པ་དང་། བོད་ལྗོངས་འཐུས་ཚབ་རུ་ཁག་གིས་ཚོགས་པའི་འགྲན་སྡུར་གྱི་བྱ་དགའ་ཨང་གཉིས་པ་བླངས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་ལྗོངས་ཞིང10ནས་ཡོང་བའི་ལུས་རྩལ་པ54འགྲན་སྡུར་ལ་ཞུགས་ཡོད་ཅིང་། དེའི་ཁྲོད་བོད་ལྗོངས་ཀྱི་ལུས་རྩལ་ཚོགས་པའི་མི5ཚོགས་པའི་འགྲན་སྡུར་དང་མི་སྒེར་གྱི་འགྲན་སྡུར་ལ་ཞུགས་པ་རེད། སྤེན་པ་ཚེ་རིང་དང་སྤེན་པ་བཀྲ་ཤིས། སྐལ་བཟང་ཕུན་ཚོགས། བསྟན་འཛིན་བློ་བརྟན་བཅས་བཞི་བོས་སོ་སོར་བྱ་དགའ་ཨང་དང་པོ་དང་ཨང་བདུན་པ། ཨང་བཅུ་བ། ཨང་བཅུ་བཞི་བ་བཅས་བླངས་པས། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལས་རྟ་རྩལ་སྣ་གསུམ་གྱི་མི་སྒེར་གྱི་རྟིང་རྩོད་འགྲན་སྡུར་ཁྲོད་ཚུད་པ་དང་། བོད་ལྗོངས་རུ་ཁག་ལ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལས་རྟ་རྩལ་སྣ་གསུམ་གྱི་ཚོགས་པའི་རྟིང་རྩོད་འགྲན་སྡུར་གྱི་ཞུགས་འཐུས་འཛིན་ཡིག་ཐོབ་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10