ཧྲིན་དབྱང་ནས་བསྡུས་པའི་རྒྱལ་ཡོངས་ཀྱི་སྐབས་བཅུ་གཉིས་པའི་སྐྱེས་པ་དང་བུད་མེད་ཀྱི་སྤྱི་ལེ་ཉི་ཤུའི་འདུར་རྒྱུག་འགྲན་སྡུར་ཁྲོད་དུ་མཚོ་སྔོན་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་ཨང་བཞི་བ་བླངས་བ།

        2013-05-14

ཧྲིན་དབྱང་ནས་བསྡུས་པའི་རྒྱལ་ཡོངས་ཀྱི་སྐབས་བཅུ་གཉིས་པའི་སྐྱེས་པ་དང་བུད་མེད་ཀྱི་སྤྱི་ལེ་ཉི་ཤུའི་འདུར་ར

རྒྱལ་ཡོངས་ཀྱི་སྐབས་བཅུ་གཉིས་པའི་སྐྱེས་པ་དང་བུད་མེད་ཀྱི་སྤྱི་ལེ་ཉི་ཤུའི་འདུར་རྒྱུག་འགྲན་སྡུར་ཚེས་བཅུ་གཅིག་ཉིན་རང་རྒྱལ་གྱི་ཧྲིན་དབྱང་གྲོང་ཁྱེར་ནས་མཇུག་རྫོགས། ལོང་ཏུན་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་ཀྱི་ཨང་གསུམ་པ་བླངས་པའི་མཚོ་སྔོན་གྱི་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་ཨང་བཞི་བ་བླངས།
རྒྱལ་ཡོངས་ཀྱི་སྐབས་བཅུ་གཉིས་པའི་སྐྱེས་པ་དང་བུད་མེད་ཀྱི་སྤྱི་ལེ་ཉི་ཤུའི་འདུར་རྒྱུག་འགྲན་སྡུར་ཚེས་བཅུ་གཅིག་ཉིན་རང་རྒྱལ་གྱི་ཧྲིན་དབྱང་གྲོང་ཁྱེར་ནས་མཇུག་རྫོགས། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་མཱ་ཧེ་ཅོན་གྱིས་དུས་ཚོད་གཅིག་དང་སྐར་མ་ཉེར་བཞི་དང་སྐར་ཆ་ཞེ་གཅིག་གི་གྲུབ་འབྲས་ཀྱིས་སྐྱེས་པའི་འགྲན་སྡུར་ཁྲོད་ཨང་ལྔ་བ་བླངས་པ་དང་། ལོང་ཏུན་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་ཀྱི་ཨང་གསུམ་པ་བླངས་པའི་མཚོ་སྔོན་གྱི་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་ཨང་བཞི་བ་བླངས།
འགྲན་སྡུར་མཇུག་རྫོགས་རྗེས།ཆོས་དབྱིངས་སྐྱིད་ཀྱིས་གསར་འགོད་པར་བཤད་རྒྱུར།ན་ནིང་གི་ཟླ་བཅུ་གཅིག་པར་ངའི་རྐང་པར་རྨས་ཕོག་ནས།རེབ་འདིའི་འགྲན་བསྡུར་ཁྲོད་ནུས་པ་ཡོད་ཚད་འདོན་མ་ཐུབ་པར་བྱ་དགའ་ཨང་དང་པོ་ལེན་མ་ཐུབ་མོད།ཡིན་ནའང་ཕྱིན་ཆད་ངས་ད་རུང་མུ་མཐུད་དུ་སྦྱོར་བརྡར་བྱས་ནས།ཉིས་སྟོང་བཅུ་དྲུག་ལོའི་པཱ་ཞི་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་སུ་ཞུགས་ཏེ། རང་གི་ཆེས་བཟང་བོའི་ནུས་པ་འདོན་རྒྱུ་ཡིན་ཟེར།
  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ནས་ཕ་ལེ་སི་ཐན་མི་དམངས་ཀྱི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ར
  • ལེ་ཚན་རྗེས་མ།:རེབ་གོང་སྒོ་དམར་དྲ་བ་དངོས་སུ་ཤར་གཏོང་བྱས་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།