ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ནས་ཕ་ལེ་སི་ཐན་མི་དམངས་ཀྱི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན་ཞེས་ནན་གསུངས་གནང་།

མིག་དམར་གྱིས་བསྒྱུར།        2013-05-14

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ5པའི་ཚེས6ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ལེ་སི་ཐན་ཙུང་ཐུང་ཨ་པ་སི་དང་མཉམ་དུ་གྲོས་མོལ་གནང་བ་རེད། ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བར་བཞེད་དགོངས་བཞི་གནང་ཞིང་། ཀྲུང་གོའི་ཕྱོགས་ནས་ཕ་ལེ་ཕི་ཐན་མི་དམངས་ཀྱི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་བརྟན་པོ་བྱས་ནས་ཕ་ལེན་སི་ཐན་དང་མཉམ་དུ་ཀྲུང་གོ་དང་ཕ་ལེ་སི་ཐན་བར་མཛའ་བརྩེའི་མཉམ་ལས་བྱ་རྒྱུར་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་འདོད་མོས་ཡོད་ཅེས་གསུངས།
    ཞི་ཅིན་ཕིང་གིས་གསུངས་རྒྱུར།ཀྲུང་གོ་མི་དམངས་ཀྱིས་ཕ་ལེ་སི་ཐན་མི་དམངས་ལ་རྒྱབ་སྐྱོར་བྱས་པ་ནི་ལྷག་བསམ་ཟོལ་མེད་དང་སེམས་ཁོང་གཏིང་ནས་ཡིན། ཀྲུང་གོའི་ཕྱོགས་ནས་སྔར་བཞིན་ཕ་ལེ་ཕི་ཐན་མི་དམངས་ཀྱི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན། ཕ་ལེ་སི་ཐན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་བར་གྱི་ཞི་གྲོས་ཀྱི་བགྲོད་ལམ་དཀའ་ངལ་ཆེ་ཞིང་ཀྱག་ཀྱོག་ཡིན་ཡང་། ཞི་བདེའི་ཁ་ཕྱོགས་དེ་དམ་འཛིན་བྱས་པས་མ་ཚད་འབད་བརྩོན་ལྷོད་མེད་བྱས་ན་ཕ་ལེ་སི་ཐན་མི་དམངས་ཀྱིས་རྒྱལ་ཁབ་འཛུགས་རྒྱུའི་ཕུགས་འདུན་མངོན་འགྱུར་ཡོང་ཐུབ་པར་ང་ཚོར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
    ཨ་པ་སིས་གསུངས་རྒྱུར། ཕ་ལེ་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་མཛའ་གྲོགས་གཏིང་ཟབ་ཅིང་རྒྱལ་ཁབ་གཉིས་བར་གྱི་མཛའ་བརྩེའི་འབྲེལ་བ་མུ་མཐུད་ནས་སྲ་བརྟན་དང་འཕེལ་རྒྱས་བྱུང་བ། ཕ་ལེ་སི་ཐན་ཕྱོགས་ནས་ཀྲུང་གོས་དུས་ཡུན་རིང་པོར་རྒྱབ་སྐྱོར་དང་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞིང་། ཀྲུང་གོའི་ཕྱོགས་ནས་ཆབ་སྲིད་ཐོག་ཕན་ཚུན་རྒྱུས་ལོན་དང་རྒྱབ་སྐྱོར་ཇེ་ཟབ་བྱ་རྒྱུ་དང་། དཔལ་འབྱོར་ཚོང་ཟོག་ཐོག་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་འདུན་ཡོད། པ་ལེ་སི་ཐན་གྱིས་ཀྲུང་གོའི་ཁེ་ལས་དེ་ཕ་ལེ་སི་ཐན་ལ་མ་དངུལ་གཏོང་འཇོག་གནང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཕ་ལེ་སི་ཐན་གྱིས་ཀྲུང་གོས་ཕ་ལེ་སི་ཐན་གྱི་གནད་དོན་ལ་དྲང་བདེན་ལངས་ཕྱོགས་གཙོ་འགན་ཁུར་བར་ཚད་མཐོན་པོའི་སྒོ་ནས་བསྟོད་ར་ཕུལ་ཞིང་ཀྲུང་གོའི་ཕྱོགས་ནས་མུ་མཐུད་ནས་ནུས་པ་གལ་ཆེ་འདོན་རྒྱུའི་རེ་བ་ཡོད།
  • ལེ་ཚན་སྔོན་མ།:རྨ་འབྲི་རྫ་གསུམ་འབྱུང་ཁུལ་དུ་མུའུ་ཁྲི5600ལྷག་གི་རང་བྱུང་རྩྭ་ཐང་སོར་ཆུད་སྐྱེ་འཕེལ་བྱུང་།
  • ལེ་ཚན་རྗེས་མ།:ཧྲིན་དབྱང་ནས་བསྡུས་པའི་རྒྱལ་ཡོངས་ཀྱི་སྐབས་བཅུ་གཉིས་པའི་སྐྱེས་པ་དང་བུད་མེད་ཀྱི་སྤྱི་ལེ་ཉི་ཤུའི་འདུར་ར
  • དོ་སྣང་ཆེ་བའི་རྩོམ།