ལིས་ཁི་ཆང་གིས་ཧན་གོ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་པ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2013-04-26

ལིས་ཁི་ཆང་གིས་ཧན་གོ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་པ།

ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཧན་གོ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་དབྱི་པིན་ཧྲི་ལ་མཇལ་འཕྲད་གནང་བ།

 

ལིས་ཁི་ཆང་གིས་ཧན་གོ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་པ།

ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཧན་གོ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་དབྱི་པིན་ཧྲི་ལ་མཇལ་འཕྲད་གནང་བ། 
 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བཞི་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཧན་གོ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་དབྱི་པིན་ཧྲི་ལ་མཇལ་འཕྲད་གནང་།

དབྱི་པིན་ཧྲི་ཡིས་ཧན་གོ་སྲིད་གཞུང་གིས་ཀྲུང་གོའི་ཟི་ཁྲོན་ཞིང་ཆེན་གྱི་ལུའུ་ཧྲན་ནས་ས་འགུལ་དྲག་པོ་བྱུང་བར་འཚམས་འདྲི་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་ལ་མ་དངུལ་གྱི་རོགས་སྐྱོར་འདོན་སྤྲོད་བྱས་པ་དང་། ཀྲུང་གོ་སྲིད་གཞུང་གིས་ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་བྱ་བར་ནུས་ལྡན་མགོ་ཁྲིད་བྱས་པར་གདེང་འཇོག་ཚད་མཐོན་པོ་བྱས། ལིས་ཁི་ཆང་གིས་ཧན་གོ་ཕྱོགས་ཀྱི་འཚམས་འདྲི་དང་རོགས་སྐྱོར་ལ་བཀའ་དྲིན་ཆེ་ཞུས་པར་མ་ཟད། གོ་སྐབས་དེ་དང་བསྟུན་ནས། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་དམངས་ཁྲོད་ཚོགས་ཁག་གིས་ཀྲུང་གོར་བྱུང་བའི་ས་འགུལ་དྲག་པོར་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧན་གོ་བར་གྱི་འབྲེལ་བ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བའིི་ནང་གི་གཅིག་ཡིན་ལ། རྒྱལ་སྤྱིའི་ས་ཁུལ་གྱི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་པོིའི་གནས་ཚུལ་འོག ཀྲུང་གོ་དང་ཧན་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རང་མོས་ས་ཁུལ་གྱི་གྲོས་བསྡུར་ལ་མཐོང་ཆེན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པའི་རེ་བ་བཏོན།

དབྱི་པིན་ཧྲི་ཡིས་བཤད་རྒྱུར། ཧན་གོའི་སྲིད་གཞུང་གསར་བས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཕྱེད་གླིང་ཞི་བའི་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པ་དང་། ཕྱེད་གླིང་ཉུང་རྡུལ་མེད་པར་གཏོང་བའི་ཐད་འབད་བརྩོན་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར།

  • ལེ་ཚན་སྔོན་མ།:ཝང་ཆི་ཧྲན་གྱིས་ཡོ་ནན་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཡུན་ནན་གྱིས་བཅའ་ཁྲིམས་བཙུགས་ནས་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་སྲུང་སྐྱོབ་བྱེད་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།