ཝང་ཆི་ཧྲན་གྱིས་ཡོ་ནན་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2013-04-26

ཝང་ཆི་ཧྲན་གྱིས་ཡོ་ནན་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་པེ་ཅིན་ནས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བུའུ་བུན་ཡུས་ཀྱིས་ཁྲིད་པའི་ཡོ་ནན་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ། 
 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བུའུ་བུན་ཡུས་ཀྱིས་ཁྲིད་པའི་ཡོ་ནན་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་ནན་བར་གྱི་སྲོལ་རྒྱུན་མཛའ་བཤེས་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྒྱུ་ནོར་རྩ་ཆེན་ཡིན་པས། ཀྲུང་གོ་གུང་ཁྲན་ཏང་གིས་ཡོ་ནན་གུང་ཁྲན་ཏང་དང་མཉམ་དུ་ཡིག་འབྲུ་བཅུ་དྲུག་གི་བྱེད་ཕྱོགས་དང་བཟང་བོ་བཞིའི་སྙིང་སྟོབས་གཞིར་བཟུང་སྟེ། ཏང་འཛུགས་སྐྲུན་དང་རྒྱལ་སྐྱོང་སྲིད་འཛིན་བྱེད་པའི་ཕྱོགས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། ཀྲུང་གོ་དང་ཡོ་ནན་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བརྟན་འཇགས་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།  

བུའུ་བུན་ཡུས་ཀྱིས་བཤད་རྒྱུར། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་ཏང་བར་གྱི་བརྗེ་རེས་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། ཕུན་ཚུན་གྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཕྱོགས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་འདོད་ཡོད་ཟེར།

  • ལེ་ཚན་སྔོན་མ།:ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར2ལྷག་བཏང་ནས་མཚོ་སྔོན་གྱི་འགན་སྲུང་སྡོད་ཁང་འཛུགས་སྐྲུན་ལ་རོགས་སྐྱོར
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་ཧན་གོ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་པ།
  • དོ་སྣང་ཆེ་བའི་རྩོམ།