མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་བསྒྱུར་བྱས་ནས་བོད་ཁུལ་མང་ཚོགས་ལ་ཕན་བདེ་སྐྲུན།

(སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།)        2013-04-23

ཞིན་ཧྭ་གསར་འགྱུར་ཁང་ཟླ་བ3པའི་ཚེས20ཉིན་ཟི་ལིང་ནས་འབྱོར་བའི་གཏམ་གསར། ཉེ་ཆར་གསར་འགོད་པ་ས་ཁ་སྨི3000ཡོད་པའི་མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུང་རེན་རྫོང་གཉའ་སྟོད་ཧོར་ཤང་གཉའ་སྟོད་ཧོར་གྲོང་སྡེར་ཕྱིན་ནས་ལོ་ན43སོན་པའི་གྲོང་སྡེའི་སྨན་པ་ལི་མ་མཚོ་དང་བསྡེབས་ནས་སྨན་བཅོས་ལྟ་སྐོར་སོང་བ་ཡིན།  ལི་མ་མཚོས་ན་ལོར་གྲོང་སྡེའི་འཕྲོད་བསྟེན་ཁང་དུ་གློག་རྡུལ་ཁྲག་ཤེད་བརྟག་ཆསདང་།  གནམ་ཁབ་རྒྱག་སའི་ཉལ་ཁྲི་སོགས་ཡོ་བྱད་ཆུང་ངུ་བཅུ་མ་ཚང་བ་མེད་པར་ཆ་སྒྲིག་བྱས་པས་སྨན་བཅོས་ཀྱི་ཆ་རྐྱེན་མཐོར་འདེགས་མངོན་གསལ་དུ་ཕྱིན་པ་རེད།  དཔྱིད་ཀ་ཤར་བའི་ཚེ་གྲོང་མི་མང་པོ་ཞིང་ལས་དང་ཕྱིར་ཟུར་ལས་སོང་བར་བྲེལ་བཞིན་ཡོད་ལ་མི་རྒན་པོ་དང་དལ་ནད་ཀྱི་ནད་པ་རྣམས་ལ་རྗེས་སྙེག་བཅར་འདྲི་བྱེད་པའི་དུས་དང་ཡང་ཏག་ཏག་ཐུབ་པ་རེད་ཅེས་བཤད་པ་རེད།    གྲོང་མི་རྡོ་རྗེས་ཁྲག་ཤེད་བརྟག་ཚར་དུས་བོད་ལྭའི་ཕུ་ཐུང་མ་བདས་ཞོར་དུ་གྲོང་སྡེའི་སྨན་པ་ལོ་རེར་ཁྱིམ་ལ་ཐེངས7ནས8བར་ཡོང་བ་རེད།  ལུས་པོར་བརྟག་བཤེར་བྱེད་པ་དང་། སྨན་སྐྱེལ་བ་མ་ཚད།  ད་དུང་ལུས་ཁམས་སྲུང་བའི་ཤེས་བྱ་ཡང་བཤད་ཀྱི་རེད།  ངས་རང་གི་ནད་གཞི་ལ་སེམས་ཁྲལ་དེ་ཙམ་མེད་ཅེས་བཤད་བྱུང་།
   སྨན་བཅོས་བཅོས་བསྒྱུར་ལག་བསྟར་བྱས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དེ་ལེགས་བཅོས་དང་མཉམ་སྙོམས་ཁ་གསབ་ཆ་ཚང་བཅས་བྱ་རྒྱུའི་རྩ་དོན་མཐའ་འཁྱོངས་བྱས་ནས་རྫོང་རིམ་པའི་སྨན་ཁང40དང་།  ཤང་འཕྲོད་བསྟེན་ཁང94    སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས19   གྲོང་སྡེའི་འཕྲོད་བསྟེན་ཁང901བཅས་བཟོ་བཅོས་འཛུགས་སྐྲུན་བྱས་པ་དང་།  གདན་ཐོག་གཅིག་གིས་དཀའ་ཚེགས་ཆེས་ཆེ་བའི་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་གྲོང་སྡེའི་འཕྲོད་བསྟེན་ཁང285མེད་པ་ནས་ཡོད་པའི་སྟོང་ཆ་བསྐོངས་པའི་གནད་དོན་ཐག་གཅོད་བྱས་པ་རེད།  མིག་སྔར།  མཚོ་སྔོན་ཞིང་ཆེན་ལ་ལི་མ་མཚོ་ལྟ་བུ་ཟླ་རེ་བཞིན་གྲོང་སྡེ་ཕན་ཚུན་བརྒྱུད་ནས་འགྲོ་བཞིན་པའི་སྨན་པ6689ཡོད་ཅིང་ཁོ་ཚོ་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྲོང་སྡེའི་འཕྲོད་བསྟེན་ཁང4243ལ་ཁ་གྲམ་ནས་ཡོད་པས་བོད་ཁུལ་མང་ཚོགས་ཀྱིས་སྨན་ལྟ་ནད་འདྲི་བྱེད་པའི་དཀའ་གནད་སེལ་བཞིན་ཡོད། ཞིང་འབྲོག་དམངས་རྣམས་ཀྱིས་ནད་ལྟ་ཐུབ་པའི་ཆེད་དུ་མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་མཐུད་དེ་གཞི་རྩའི་སྨན་བཅོས་འགན་སྲུང་གི་ཁྱབ་རྒྱ་ཇེ་ཆེར་བཏང་ནས་སྨན་བཅོས་འགན་སྲུང་གི་ཆུ་ཚད་ཇེ་མཐོར་བཏང་བ་རེད། ན་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེའི་མཉམ་ལས་སྨན་བཅོས་ཀྱི་མི་རེའི་ཆ་སྙོམས་བསྡུ་དངུལ་གྱི་ཚད་གཞི་དེ་སྒོར400ཡི་ཐོག་ལ་མཐོར་འདེགས་བཏང་ཞིང་རྒྱལ་ཡོངས་ཀྱི་ཆ་སྙོམས་སྒོར240ཆུ་ཚད་ལས་ཆེས་མཐོ་བ་རེད།  ལོ་གསུམ་རིང་ཞིང་ཆེན་ཡོངས་སུ་འཕྲོད་བསྟེན་ལས་དོན་ཐད་ཀྱི་གྲོན་སོང་བསྡོམས་འབོར་སྒོར་དུང་ཕྱུར121བཏང་བ་རེད།
  • ལེ་ཚན་སྔོན་མ།:ལྷ་ས་ནས་ནན་ཅིན་བར་གྱི་ཐད་བསྐྱོད་མཁའ་ལམ་ཤར་གཏོང་བྱུང་བ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་ཟི་ཁྲོན་གཡག་རྔའི་གནོད་འཚེའི་ཁུལ་དུ་སྒོར་ཁྲི200ཞལ་འདེབས་ཕུལ་བ།
  • དོ་སྣང་ཆེ་བའི་རྩོམ།