ལྷ་ས་ནས་ནན་ཅིན་བར་གྱི་ཐད་བསྐྱོད་མཁའ་ལམ་ཤར་གཏོང་བྱུང་བ།
ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། 2013-04-23
སྤྱི་ཟླ4བའི་ཚེས16ཉིན་གྱི་སྔ་དྲོ། ཅང་སུའུ་ནན་ཅིན་ནས་ལྷ་སར་ཐད་ཀར་འཕུར་བའི་གནམ་གྲུ་ཐོག་མ་དེ་བདེ་ལྷག་ངང་ལྷ་སར་འབྱོར་བ་དེས་ལྷ་ས་ནས་ནན་ཅིན་བར་གྱི་ཐད་བསྐྱོད་མཁའ་འགྲུལ་དངོས་སུ་ཤར་གཏོང་བྱུང་བ་མཚོན་ཡོད་པ་རེད། མཁའ་ལམ་དེ་ཉིན་ལྟར་འགྲོ་འོང་བྱེད་པ་དང་བར་དུ་ཀུའེ་ཡང་ངམ་ཟི་ལིང་དུ་འབབ་པ་དང་ཅང་སུའུ་ནང་ཁོངས་སུ་བོད་བར་ཤར་གཏོང་བྱས་པའི་མཁའ་ལམ་གཅིག་པུ་དེ་ཡིན་པ་རེད། །