བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-04-22
ཀྲུང་གོའི་གློག་འཕྲིན་གྱིས་ཐེབས་རྩ་སྒོར་གཅིག་ཅེས་པའི་བོད་ཀྱི་སློབ་མར་རོགས་སྐྱོར་བྱེད་པ།
ཀྲུང་གོའི་གློག་འཕྲིན་གྱིས་ཐེབས་རྩ་སྒོར་གཅིག་ཅེས་པའི་བོད་ཀྱི་སློབ་མར་རོགས་སྐྱོར་བྱེད་པ།
ཟླ4པའི་ཚེས18ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་སོ་སོར་སློབ་སྦྱོང་བྱེད་བཞིན་པའི་བོད་ལྗོངས་ཆབ་མདོ་ས་ཁུལ་དཔལ་འབར་རྫོང་གི་སློབ་མ་རྣམས་བོད་ལྗོངས་སློབ་ཆེན་དུ་ཡོང་ནས། ཀྲུང་གོའི་གློག་འཕྲིན་གྱི་ཐེབས་རྩ་སྒོར་གཅིག་ཅེས་པའི་དཔལ་འབར་རྫོང་སློབ་གསོ་རོགས་སྐྱོར་ལས་གཞིའི་སློབ་སྐྱོར་ཐེབས་རྩ་གནང་བའི་མཛད་སྒོ་ལ་ཞུགས་པ་རེད། དཔལ་འབར་རྫོང་གི་རོང་འབྲོག་པ་དང་གྲོང་རྡལ་གྱི་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མར2012ལོ་ནས2013ལོའི་སློབ་སྐྱོར་རོགས་དངུལ་སྒོར2500ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། 2011ལོ་ནས་བཟུང་ཀྲུང་གོའི་གློག་འཕྲིན་གྱི་ལས་བཟོ་བ་སོ་སོས་ཟླ་རེར་སྒོར་གཅིག་རེ་ཞལ་འདེབས་སུ་གནང་ནས་ཁྱོན་བསྡོམས་ལོ་གཅིག་ལ་སྒོར་འབུམ3བསྡུས་ཤིང་། སྒོར་དེ་དཔལ་འབར་རྫོང་གི་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མར་རོགས་སྐྱོར་བྱེད་པ་དང་། ལོ་གཉིས་རིང་ལ་མི་ཐེངས164ལ་རོགས་སྐྱོར་ཐོབ། ཐེངས་འདིའི་རོགས་སྐྱོར་གྱི་འཆར་གཞི་ནི་ལོ5ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10