མཚོ་སྔོན་ཁྲི་ཀའི་རྨ་ཆུའི་རིག་གནས་གནས་སྐོར་དུས་ཆེན་སྐབས་བརྒྱད་པའི་འགོ་ཚུགས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-04-22

མཚོ་སྔོན་ཁྲི་ཀའི་རྨ་ཆུའི་རིག་གནས་གནས་སྐོར་དུས་ཆེན་སྐབས་བརྒྱད་པའི་འགོ་ཚུགས་པ།
མཚོ་སྔོན་ཁྲི་ཀའི་རྨ་ཆུའི་རིག་གནས་གནས་སྐོར་དུས་ཆེན་སྐབས་བརྒྱད་པའི་འགོ་ཚུགས་པ།

   ཟླ4པའི་ཚེས20ཉིན། མཚོ་སྔོན་ཁྲི་ཀའི་རྨ་ཆུའི་རིག་གནས་གནས་སྐོར་དུས་ཆེན་སྐབས་བརྒྱད་པ་གཟབ་རྒྱས་ངང་འགོ་བརྩམས་ཤིང་། ཟླ4པའི་ཚེས26ཉིན་བར་དུ་སྤེལ་རྒྱུ་རེད། འགོ་རྩོམ་མཛད་སྒོའི་སྟེང་བོད་ཀྱི་གླུ་བ་པདྨ་བསམ་གྲུབ་དང་དབང་མོ། གཡང་ཕྱུག་མཚོ་སོགས་གདན་འདྲེན་བྱས་ནས། ཡུལ་དེ་གའི་མང་ཚོགས་ཀྱི་སྙན་ལམ་དུ་རྣ་བའི་གསོས་སུ་འགྱུར་བའི་སྙན་གླུ་ཕུལ་བ་རེད།
  རྨ་ཆུའི་རིག་གནས་གནས་སྐོར་དུས་ཆེན་ནི་མདོ་སྨད་ཁྲི་ཀའི་ཡུལ་དེ་ཕྱི་ཕྱོགས་སུ་ཁྱབ་སྒྲོག་བྱེད་པའི་མིང་བྱང་ལྟ་བུ་ཞིག་ཡིན་ཞིང་། ཐེངས་འདིའི་རྨ་ཆུའི་རིག་གནས་གནས་སྐོར་དུས་ཆེན་གྱིས་ཁྲི་ཀའི་ཁྱད་དུ་འཕགས་པའི་མཛེས་ལྗོངས་དང་སིལ་སྡོང་མེ་ཏོག་གི་དྲི་བསུང་ཕྱོགས་བཞིར་འཐུལ་བའི་དུས་བཟང་དང་བསྟུན་ཞིང་།  རྨ་ཆུའི་རིག་གནས་གནས་སྐོར་དུས་ཆེན་བརྒྱུད་ནས་རིག་རྩལ་འཁྲབ་སྟོན་དང་སྲང་གཞུག་རྩེད་རིག་གི་འཁྲབ་སྟོན། མང་ཚོགས་ཀྱི་རིག་རྩལ་བྱ་འགུལ་སོགས་རིག་གནས་ཀྱི་སྤྲོ་སྟོན་རྒྱ་ཆེན་པོ་སྤེལ་ཏེ། ཁྲི་ཀའི་ཡུལ་གྱི་མཚན་སྙན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་ཡིན་པའོ། །

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་རྩྭ་ས་ཇེ་ཞན་དུ་གྱུར་པས་མུའུ་ཁྲིའི་ལྗང་འཛུགས་སྤྱི་ཕན་ལས་གཞིའི་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ཀྲུང་གོའི་གློག་འཕྲིན་གྱིས་ཐེབས་རྩ་སྒོར་གཅིག་ཅེས་པའི་བོད་ཀྱི་སློབ་མར་རོགས་སྐྱོར་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།