ཀྲུང་གོ་བོད་ཀྱི་དྲ་བ། 2013-04-17
ཉེ་བའི་ལོ་འགའི་རིང་། རྒྱ་ཆེའི་མང་ཚོགས་དང་ནང་སྒོས་སུ་གྲྭ་བཙུན་དབུལ་བོའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་ཆེད། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དམངས་འཚོ་ལེགས་བཅོས་བྱེད་པ་ནི་བྱ་བ་ཀུན་གྱི་གཙོ་གནད་དུ་བཞག་པ་དང་། དགོན་སྡེ་དོ་དམ་བྱ་བ་དང་ཞིང་སྡེའི་རིམ་པའི་རྩ་འཛུགས་འཛུགས་སྐྲུན་གཉིས་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་ལག་བསྟར་བྱེད་པ་སོགས་དམངས་ཕན་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། རྣམ་གྲངས་བརྩོན་ལེན་བྱས་པ་དང་ཕྱོགས་མང་པོར་མ་དངུལ་ཧྲག་བསྡུ་བྱས་པས་དགོན་སྡེའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་པས། ཕན་འབྲས་ཡོད་པའི་སྒོ་ནས་དགོན་སྡེའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལེགས་བཅོས་བྱས། དུས་མཚུངས་སུ་ཆ་རྐྱེན་དང་མཐུན་པའི་གྲྭ་བཙུན་དག་སྨན་བཅོས་དང་སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་རོགས་སྐྱོར་ཁྱབ་ཁོངས་སུ་བཞག་ནས། དོན་དངོས་སྟེང་འཚོ་བ་དཀའ་ཁག་ཡོད་པའི་གྲྭ་བཙུན་ཚོའི“ནད་བརྟག་དཀའ་བ་དང་འཚོ་བའི་དཀའ་ཁག”གནད་དོན་ཐག་བཅད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10