བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-04-16
《ཚེ་ལོའི་སེམས་ཀྱི་མཚོ་སྔོན་པོ》ཞེས་པ་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་གྱི་དཔྱད་འདེམ་ཁྲོད་ཚུད་པ།
ཟླ4པའི་ཚེས14ཉིན། 2013ལོའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན(UMFF)ཨ་རིའི་ལའོ་ཧྲན་ཅི་ནས་མཇུག་བསྡུས་ཤིང་། ཐེངས་འདིའི་གློག་བརྙན་དུས་ཆེན་ཚེས12ཉིན་འགོ་བརྩམས་པ་དང་། ཀྲུང་གོ་ཐེངས་དང་པོར་དེར་ཞུགས་པ་སྟེ། གློག་བརྙན་ཁག18དང་འཁྲབ་གཞུང1འགྲེམ་གཏོང་བྱས་ལ། དེའི་ཁྲོད་གྲངས་ཉུང་མི་རིགས་བརྗོད་བྱར་བྱས་པའི་གློག་བརྙན་ཁག7ཡོད་པ་དང་། བོད་དང་འབྲེལ་བའི་གློག་བརྙན《ཚེ་ལོའི་སེམས་ཀྱི་མཚོ་སྔོན་པོ》ཞེས་པ་དཔྱད་འདེམ་ཁྲོད་ཚུད་པ་རེད།
ལོ་རེའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་སྟེང་རྒྱལ་ཁབ20ལྷག་ནས་ཡོང་བའི་གློག་བརྙན100ལྷག་འགྲེམ་གཏོང་དང་མི6000ལྷག་ཞུགས་ཡོད་པ་རེད། ད་ལོ་ནི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་གྱིས་ཐེངས་དང་པོར་ཀྲུང་གོའི་གློག་བརྙན་འགྲན་བསྡུར་ཁྲོད་བདམས་པ་དང་། འདི་ནི་ཀྲུང་གོའི་གློག་བརྙན་འཛམ་གླིང་ཡོངས་སུ་ཁ་ཕྱོགས་པའི་གོ་སྐབས་ལེགས་པོ་ཞིག་ཡིན་པ་རེད།
བོད་ཀྱི་གློག་བརྙན《ཚེ་ལོའི་སེམས་ཀྱི་མཚོ་སྔོན་པོ》ཞེས་པའི་ཁྲོད་མཚོ་སྔོན་པོའི་འགྲམ་རྒྱུད་དུ་སྐྱེས་པའི་ཚེ་ལོ་ལགས་ཀྱིས་གནས་སྐོར་བའི་རྒྱང་མཐོང་བརྒྱུད་ནས་མཚོ་སྔོན་པོའི་མཛེས་ལྗོངས་མཐོང་ཐུབ་པས། ཁོང་རང་ཉིད་ལའང་རྒྱང་མཐོང་ཞིག་ལག་སོན་འབྱུང་ཐུབ་པར་བརྩོན་པ་བསྐྱེད་པའི་ཚུལ་བརྗོད་ཡོད། གློག་བརྙན་འདིའི་ཁྲོད་མཚོ་སྔོན་པོའི་ཡིད་དུ་འོང་བའི་མཛེས་ལྗོངས་དང་བོད་མིའི་རིག་གནས་དང་འཚོ་བ་སོགས་མངོན་པར་མཚོན་ཡོད། གློག་བརྙན་འདི་ནི་ལའེ་ཞོ་པའོ་ལགས་ཀྱིས་འཁྲབ་ཁྲིད་བྱས་པ་དང་ཧྲན་ཞི་ཐཱན་ཕུའུ་གློག་བརྙན་འཕྲིན་རིག་གནས་ཚད་ཡོད་ཀུང་ཟིས་སྒྲིག་བཟོ་བྱས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10