བོད་སྐད་ཡིག་ལ་དུས་རབས་འཕེལ་རྒྱས་ཀྱི་ཚེ་སྲོག་གསར་པ་ཐོབ།

        2013-04-16

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར། དེང་གི་ཆ་འཕྲིན་དང་ཚན་རྩལ་གྱི་དར་སྲོལ་དང་གཅིག་ལ་གཅིག་འགྲན་ངང་སློབ་སྦྱོང་བྱེད་པའི་དར་སྲོལ་ཚད་ལྡན་བཟོ་བའི་དར་སྲོལ་སོགས་དུས་རབས་ཀྱི་དར་སྲོལ་གྱིས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་སྐད་ཡིག་གངས་ལྗོངས་ས་མཐོར་སྦྱོང་སྤྱོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།   ལྷ་སའི་དཔེ་ཚོང་ཁང་དང་ཚོང་རར་འགྲོ་སྐབས་བོད་ཡིག་གི་དཔེ་དེབ་སྣ་ཚོགས་དང་། གློག་བརྙན་བརྙན་འཕྲིན་པར་གཞི། ཚན་རྩལ་ཐོན་རྫས་སོགས་ཧ་ཅང་མང་པོ་ཡོད་པ། བོད་སྐད་གློག་བརྙན་བརྙན་འཕྲིན་གྱི་འོད་སྡེར་དང་བོད་ཡིག་ལག་ཐོགས་ཁ་པར། རྒྱ་བོད་དབྱིན་གསུམ་གློག་རྡུལ་ཚིག་མཛོད། བོད་ཡིག་གི་གཞུང་ལས་མ་ལག་གི་མཉེན་ཆས་སོགས་ཀྱིས་བོད་སྐད་ཡིག་འདི་ཉིད་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་འཕེལ་རྒྱས་འགྲོ་བཞིན་ཡོད། དེ་དག་ཚང་མ་ནི་བོད་ཡིག་གི་མཉེན་ཆས་ཞིབ་བཟོ་དང་ཁྱབ་གདལ་བཏང་བ་ལས་བྱུང་ཞིང་། 2004ལོའི་ཟླ་བ7པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་བར《བོད་ཡིག་གི་མཉེན་ཆས་གསར་སྤེལ་དང་ཁྱབ་གདལ་བེད་སྤྱོད་སྐོར་གྱི་མཉམ་ལས་གྲོས་མཐུན།》ལ་མིང་རྟགས་བཀོད་པ་དང་མ་དངུལ་སྒོར་ཁྲི3300བཏང་ནས་ཕབ་འཇུག་བྱ་ཐབས་དང་། བཀོལ་སྤྱོད་མ་ལག  གཞུང་ལས་མཉེན་ཆས། དྲ་ཤོག་བལྟ་ཆས་སོགས་རྨང་གཞིའི་རང་བཞིན་གྱི་བོད་ཡིག་མཉེན་ཆས་ཁག་གཅིག་ཞིབ་བཟོ་བྱས་པ་མ་ཟད། ཁྱབ་གདལ་དང་བེད་སྤྱོད་ཧུར་ཐག་བཏང་བས་བོད་སྐད་ཡིག་འདི་ཉིད་སྨྱན་སྦྱོར་གྱི་དུས་རབས་གསར་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་ཐུབ་ཡོད། བོད་ཡིག་འཕེལ་རྒྱས་ཁྲོད་དུས་རབས་ཀྱི་འབོད་སྒྲ་གནད་ལ་འཁེལ་བའི་ངང་བརྒྱུད་སྤེལ་བ་བྱ་རྒྱུ་འགན་ལེན་བྱ་ཆེད་བོད་ཀྱིས་བོད་ཡིག་ཚད་ལྡན་ཅན་བཟོ་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ཅིང་། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་རྩོམ་སྒྱུར་ཁྲུའུ་ཡི་ཁྲུའུ་ཀྲང་ཡེ་ཤེས་བཟང་པོས་མིག་སྔའི་བར་བོད་ཀྱིས་བོད་ཡིག་གི་སློབ་དེབ་སྣ་ཚོགས222རྩོམ་སྒྱུར་བྱས་པའི་ནང་སློབ་དེབ89རྩོམ་འབྲི་དང་སློབ་དེབ133ཡིག་བསྒྱུར་བྱས་ནས་ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོ་དང་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སློབ་ཚན་ཁག་གི་སློབ་དེབ་རྩོམ་སྒྱུར་གྱི་ལས་འགན་ལེགས་གྲུབ་བྱས་པས་བོད་རིགས་སློབ་མས་བོད་སྐད་ཡིག་སློབ་སྦྱོང་བྱེད་པའི་འཕྱུགས་མེད་རང་བཞིན་འགན་ལེན་བྱུང་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
ད་ཕན་ལོ་ཤས་རིང་བོད་ཀྱིས《བོད་ཡིག་གི་ཐ་སྙད་ཚད་ལྡན་གྱི་ལས་དོན་གྱི་སྤྱིར་བཏང་གི་རྩ་དོན་དང་བྱ་ཐབས།》དང《ཐ་སྙད་གསར་པ་ཡིག་སྒྱུར་དང་གཡར་ཚིག་བེད་སྤྱོད་ཀྱི་སྒྲིག་སྲོལ》གཏན་འཁེལ་དང《བོད་སྐད་ཀྱི་ཚད་ལྡན་སྐད་ཀྱི་ཇུས་གཞི་བཟོ་བའི》འཆར་ཟིན་ལས་དོན་ལེགས་གྲུབ་དང《བོད་སྐད་ཀྱི་ཚད་ལྡན་སྐད་ཀྱི་སྒྲ་གདངས་གྲངས་གཞིའི་དཔྱད་གྲངས་མཛོད།》བཙུགས་ཡོད། དེ་མིན་བོད་ཀྱིས་ལོ་ལྟར་ཐ་སྙད་གསར་པ་བཀས་བཅད་བྱེད་པའི་ཚོགས་འདུ་འཚོགས་ནས་ཐ་སྙད་གསར་པ་ཡིག་སྒྱུར་བྱེད་པའི་ཐད་གཅིག་འགྱུར་དང་ཚད་ལྡན་ཡོང་བ་བྱས་ཡོད།
མིག་སྔར་བོད་ཀྱིས་ཐ་སྙད་གསར་པ5000ལྷག་ཙམ་དང་། བོད་ཡིག་གི་ཚན་རྩལ་ཐ་སྙད་ཁྲི6ལ་ཉེ་བ། གློག་ཀླད་ཀྱི་འབྲེལ་ཡོད་བོད་ཡིག་ཐ་སྙད་ཁྲི12བཅས་བཀས་བཅད་བྱས། 《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་བསྒྲིགས།》དཔེ་སྐྲུན་བྱས་ཡོད་པ་རེད།
  • ལེ་ཚན་སྔོན་མ།:མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོར་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་འབབ་དང་ཡོང་འབབ་འཕར་སྣོན་ཡོང་རྒྱུར་རོགས་རམ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།